འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་དཀར་མཛེས་ཁུལ་མི་དམངས་སྨན་ཁང་གིས་སྡེ་རོང་རྫོང་གི་སྐྱ་འགྲིབ་ཕོག་པའི་
    ནད་པར་རིན་མེད་གཤག་བཅོས་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་19ཉིན། 08:38】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
         མི་དམངས་དྲ་བའི་འཕྲིན། སི་ཁྲོན་སྡེ་རོང་རྫོང་གི་མི་སེར་སྡོད་ཡུལ་གྱི་ས་བབ་མཐོ་བ་དང་སྨུག་ཕྱིའི་འོད་ཟེར་ཤུགས་ཆེ་བའི་དབང་གིས་མིག་ནད་ཕོག་མཁན་མང་པོ་ཡོད་པ་དང་། དེའི་ནང་སྐྱ་འགྲིབ་ཕོག་པའི་རྐྱེན་གྱིས་ལོང་བར་གྱུར་ནས་རྒྱ་ཆེའི་ཞིང་འབྲོག་པའི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཚབས་ཆེན་བཟོ་གི་ཡོད། རྒྱ་ཆེའི་མིག་ནད་ཕོག་པའི་ནད་པར་ཞབས་ཞུ་དེ་བས་ལེགས་པ་ཞུ་ཆེད། སྡེ་རོང་རྫོང་ཨུད་དང་རྫོང་མི་དམངས་སྲིད་གཞུང་གི་འགོ་ཁྲིད་ཀྱི་ཚད་མཐོའི་མཐོང་ཆེན་དང་དཀར་མཛེས་ཁུལ་མི་དམངས་སྨན་ཁང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་ཟླ་10པ་ནས་བཟུང་དཀར་མཛེས་ཁུལ་མི་དམངས་སྨན་ཁང་གིས་སྔ་རྗེས་སུ་སྨན་བཅོས་རུ་ཁག་2ཀྱི་མི་11སྡེ་རོང་རྫོང་གི་ཤང་གྲོང་5རུ་འདེམས་སྒྲུག་ཞིབ་བཤེར་བྱེད་པར་བཏང་བར་ཁྱོན་མིག་ནད་ཕོག་པའི་ནད་པ་395ཞིབ་བཤེར་ཐུབ་ནས་སྐྱ་འགྲིབ་ཕོག་པའི་ནད་པ་87ཡོད་པ་དེའི་ནང་ནད་པ་15ཡི་མིག་གཉིས་ཀར་སྐྱ་འགྲིབ་ཕོག་ཡོད་པ་རེད།
          ཟླ་12ཚེས་10ཉིན་དཀར་མཛེས་ཁུལ་མི་དམངས་སྨན་ཁང་གི་ཡོན་ཀྲང་རྡོ་རྗེ་དང་བཅས་པ་མི་8ཀྱིས་སྡེ་རོང་དུ་སླེབས་འཕྲལ་ལས་དོན་སྤེལ་འགོ་བཙུགས་པ་དང་། སྡེ་རོང་འཕྲོད་བསྟེན་སྒྲིག་གཞིའི་གཞོགས་འདེགས་དམ་ཟབ་འོག་དུས་ཡུན་ཉིན་གསུམ་གྱི་རྫ་དྲག་ཆེ་བའི་ལས་དོན་སྤེལ་རིང་ནད་པ་87ལ་རིན་མེད་ངང་བསྐྱར་མཐོང་གཤག་བཅོས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།