མི་དམངས་དྲ་བ།

༄༅།།ལི་ཁེ་ཆང་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་
གསུམ་པར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་18ཉིན། 15:39】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

༄༅།།ལི་ཁེ་ཆང་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་
གསུམ་པར་ཞུགས་པ།

མི་དམངས་དྲ་བའི་འཕྲིན།ཟླ་12ཚེས་16ཉིན་གྱི་ཕྱི་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་པེར་ཀེ་རེ་ཏེ་གྲོང་ཁྱེར་དུ་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་གསུམ་པར་ཞུགས་ཤིང་། ཡོ་རོབ་དབུས་ཤར་རྒྱལ་ཁབ་16གི་འགོ་ཁྲིད་པ་ཞལ་འཛོམས་ལ་ཞུགས་པ་རེད། ལི་ཁེ་ཆང་དང་སེ་ཨེ་ཝེ་ཡ་རྒྱལ་ཁབ་ཀྱི་ཙུང་ཐུང་ཝུའུ་ཆི་ཆི་གཉིས་ཀྱིས་མཉམ་དུ་ཞལ་འཛོམས་གཙོ་སྐྱོང་གནང་ཞིང་། ཞལ་འཛོམས་ལ་ཞུགས་པའི་ཕྱོགས་སོ་སོས་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་བར་གྱི་མཉམ་ལས་བྱེད་རྒྱ་སྔར་ལས་རྒྱ་སྐྱེད་གཏོང་རྒྱུའི་སྐོར་གྲོས་བསྡུར་གཏིང་ཟབ་པོ་བྱས་ཏེ་ངོས་འཛིན་གཅིག་མཐུན་ཁྱབ་རྒྱ་ཆེན་པོ་བྱུང་བ་རེད། 
       ལི་ཁེ་ཆང་གིས་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་བར་མཉམ་ལས་བྱེད་པར་སྐུལ་སྤེལ་གཏིང་ཟབ་པོ་གཏོང་རྒྱུའི་སྐོར་གྲོས་འགོ་ལྔ་བཏོན་པ་སྟེ། དང་པོ། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་བར་མཉམ་ལས་བྱེད་པའི་བཀྲག་མདངས་འཚེར་ས་གསར་པ་གཏོད་དགོས་པ་དང་། གཉིས་པ། ཕན་ཚུན་འབྲེལ་ཞིང་སྤེལ་རེས་ཀྱི་མཐུད་འབྲེལ་ས་རྒྱུད་ནར་རིང་འཛུགས་སྐྲུན་བྱ་དགོས་པ། གསུམ་པ། ཐོན་ལས་མཉམ་ལས་བྱ་རྒྱུའི་བར་ཁོངས་རྒྱ་སྐྱེད་གཏོང་དགོས་པ། བཞི་པ། མ་དངུལ་གཏོང་སྡུད་རོགས་ལས་གཞི་སྒྲོམ་གསར་པ་འཛུགས་གཉེར་བྱ་དགོས་པ། ལྔ་པ། སྤྱི་ཚོགས་ཀྱི་རིག་གནས་སྣ་ཚོགས་སྤེལ་རེས་བྱེད་པའི་ཁྱབ་ཁོངས་གསར་པ་རྒྱ་སྐྱེད་གཏོང་དགོས་པ་བཅས་རེད།

༄༅།།ལི་ཁེ་ཆང་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་
གསུམ་པར་ཞུགས་པ།
༄༅།།ལི་ཁེ་ཆང་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་
གསུམ་པར་ཞུགས་པ།