འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ལོ་ཆུང་བྱིས་པའི་དཔེ་སྐྲུན་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་18ཉིན། 16:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་༡༢ཚེས་༡༥ཉིན་ ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་པེ་ཅིང་དུ་ལོ་ཆུང་བྱིས་པའི་དཔེ་སྐྲུན་ལས་དོན་ཚོགས་འདུ་འཚོགས་པ་རེད།
         ཚོགས་འདུའི་ཐོག་ལོ་ཆུང་བྱིས་པའི་དཔེ་སྐྲུན་ལས་དོན་གྱིས་ལོ་ཆུང་བྱིས་པ་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་སློབ་གསོ་ཁྲིད་སྟོན་དང་སྤྱི་ཚོགས་རིང་ལུགས་ཀྱི་ཚད་ལྡན་ཤུལ་འཛིན་པ་གསོ་སྐྱོང་གི་འགན་འཁྲི་གལ་ཆེན་ཁུར་ཡོད། ལོ་ཆུང་བྱིས་པའི་དཔེ་སྐྲུན་གྱི་རྩ་བའི་ལས་འགན་ནི་ཀྲུང་གོའི་ཕུགས་འདུན་གྱི་ཕུགས་བསམ་ཆེན་པོ་མངོན་འགྱུར་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་བླང་བྱ་དར་སྤེལ་གཏོང་རྒྱུ་དེ་བརྩམས་ཆོས་སྣ་ཚོགས་ཀྱི་འགོ་ནས་མཇུག་བར་ཁྱབ་པ་བྱས་ཏེ་ལོ་ཆུང་བྱིས་པར་ཆུང་དུས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་བརྟན་པོ་འཛུགས་པ་དང་ལག་བསྟར་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱ་རྒྱུ་དེ་རེད། མིག་སྔར་ལོ་ཆུང་བྱིས་པའི་ལོ་ན་དང་ཁྱད་ཆོས་ལ་དམིགས་ནས་བརྗོད་བྱ་ཞིབ་ཚགས་ངང་འདེམས་པ་དང་གྲོས་གཞི་རང་རྟོགས་ངང་བཀོད་སྒྲིག་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་གིས་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཁེ་ཕན་དོན་གཉེར་བྱེད་པའི་གཏམ་རྒྱུད་དང་། ཀྲུང་གོའི་དམིགས་བསལ་ཁྱད་ཆོས་ཀྱི་ལམ་བུའི་གཏམ་རྒྱུད། ཀྲུང་གོའི་ཕུགས་འདུན་གྱི་གཏམ་རྒྱུད། སྒྱུར་བཅོས་སྒོ་དབྱེའི་གཏམ་རྒྱུད། རྒྱ་ཆེ་ལ་ནང་དོན་གཏིང་ཟབ་པའི་ཀྲུང་གོའི་རིག་གནས་ཀྱི་གཏམ་རྒྱུད། འགྲོ་ལུགས་སྡོད་ལུགས་ཤེས་པ་དང་སྒྲིག་ཁྲིམས་སྲུང་བའི་གཏམ་རྒྱུད་བཅས་ཡག་པོ་ཤོད་དགོས་ཞེས་བསྟན་ཡོད་པ་རེད།
         གསར་འགོད་པས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། རང་རྒྱལ་གྱིས་ལོ་ལྟར་དཔེ་སྐྲུན་བྱས་པའི་ལོ་ཆུང་བྱིས་པའི་དཔེ་དེབ་ཀྱི་སྣ་ཁ་དེ་ལོ་བཅུའི་གོང་སྣ་ཁ་ཁྲི་༡ལྷག་ཙམ་ཡིན་པ་ནས་༢༠༡༣ལོར་ཁྲི་༤ལྷག་ཙམ་བར་འཕར་བ་དེས་རྒྱལ་ཡོངས་ཀྱི་ལོ་རེར་དཔེ་དེབ་དཔེ་སྐྲུན་བྱེད་པའི་སྣ་ཁའི་༡༠%བཟུང་ཡོད། སྣ་ཁའི་གཞི་ཁྱོན་ཐོག་ནས་བལྟས་ཚེ་ཀྲུང་གོ་འདི་ཉིད་ལོ་ཆུང་བྱིས་པའི་དཔེ་སྐྲུན་རྒྱལ་ཁབ་ཆེན་པོ་ཞིག་ལ་གྱུར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།