འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།སྤ་སེ་ལོག་ཚོང་རྒྱག་མཁན་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་19ཉིན། 08:51】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན།  2015ལོའི་དཔྱིད་གསར་སྐྱེལ་འདྲེན་ལས་དོན་བརྟན་པོ་དང་གོ་རིམ་ལྡན་པ་ཡོང་བའི་འགན་ལེན་བྱེད་པ་དང་། མེ་འཁོར་སྤ་སེ་ལོག་ཚོང་རྒྱག་པའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ། མེ་འཁོར་བབས་ཚུགས་མཐའ་འཁོར་དུ་སྤ་སེ་ལོག་ཚོང་རྒྱག་པ་དང་། དྲ་རྒྱའི་ཐོག་སྤ་སེ་ལོག་ཚོང་རྒྱག་པ། བསམ་གནག་གིས་སྤ་སེ་མང་པོ་ཉོ་བ་བཅས་ཀྱི་སྣང་ཚུལ་ཐོན་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱ་ཆེད། དེ་རིང་ནས་2015ལོའི་ཟླ་3ཚེས་16ཉིན་བར་མཚོ་བོད་ལྕགས་ལམ་སྤྱི་བདེ་ཅུས་ཟི་ལིང་སྤྱི་བདེ་ཁྲུའུ་ཡིས་དོ་དམ་ཁོངས་གཏོགས་ནང་དུས་ཡུན་ཉིན་100ཡི་རིང་སྤ་སེ་ལོག་ཚོང་རྒྱག་མཁན་ལ་རྡུང་རྡེག་གཏོང་བའི“རྔོན་ཁྲ—2015ལོའི”བྱ་སྤྱོད་སྤེལ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།