འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་རྫོང་རིམ་པའི་སྲིད་གཞུང་གི་གསར་འགྱུར་དྲ་ཚིགས་༧༤ཚང་མ་ཤར་གཏོང་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་18ཉིན། 16:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བ་ལྟར་ན། བོད་ཀྱི་རྫོང་རིམ་པའི་སྲིད་གཞུང་གི་གསར་འགྱུར་དྲ་ཚིགས་༧༤ཁག་དབྱེ་ནས་བཙུགས་ཟིན་པ་དང་ཆབས་ཅིག་ཚང་མ་ཤར་གཏོང་ཡང་ཐུབ་ཡོད། ཟླ་༡༢ཚེས་༡༧ཉིན་གྱི་སྔ་དྲོ་དུས་ཡུན་ཉིན་གཉིས་ཀྱི་བོད་ཀྱི་རྫོང་རིམ་པའི་སྲིད་གཞུང་གི་གསར་འགྱུར་དྲ་ཚིགས་དོ་དམ་མི་སྣའི་གསོ་སྦྱོང་འཛིན་གྲྭ་ལྷ་སར་དངོས་སུ་སློབ་འགོ་ཚུགས་པ་དང་ལྗོངས་དང་། ས་ཁུལ། རྫོང་བཅས་རིམ་གསུམ་དྲ་རྒྱའི་ཆ་འཕྲིན་གཞུང་ལས་ཁང་གི་མི་༡༠༠ཙམ་གསོ་སྦྱོང་ནང་ཞུགས་ཡོད་པ་རེད།
         དྲ་ཚིགས་ལས་དོན་གྱི་བརྒྱུད་རིམ་དང་། ལག་རྩལ་བཀོལ་སྤྱོད། ཆེད་དོན་སྒྲིག་བཟོ། བྱེད་སྒོ་ཇུས་འགོད་སོགས་ཐད་ཀྱི་རྫོང་རིམ་པའི་སྲིད་གཞུང་གི་གསར་འགྱུར་དྲ་ཚིགས་དོ་དམ་མི་སྣའི་ལས་སྒོའི་འཇོན་ཐང་དང་དྲ་ཚིགས་ཤེས་རྟོགས་དང་། དྲ་ཚིགས་དོ་དམ། དྲ་ཚིགས་བེད་སྤྱོད་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་ཆེད། བོད་རང་སྐྱོང་ལྗོངས་དྲ་རྒྱའི་ཆ་འཕྲིན་གཞུང་ལས་ཁང་དང་བོད་ལྗོངས་སྨྱན་སྦྱོར་ཚོགས་པས་ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།