འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་རྒྱང་སྐྱོད་རྟགས་ཅན་གྱི་མུ་འབྲེལ་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་བློས་འཁེལ་ཚད་
    དང་བདེ་འཇགས་ལྡན་ཚད་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་10ཉིན། 13:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་༡༢ཚེས་༨ཉིན་གསར་འགོད་པས་རང་རྒྱལ་གྱི་རྒྱང་སྐྱོད་རྟགས་ཅན་གྱི་མུ་འབྲེལ་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕེན་གཏོང་ཐེངས་༢༠༠པ་དང་གསར་གཏོད་འཕེལ་རྒྱས་བཞུགས་མོལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། ༡༩༧༠ལོར་རྒྱང་སྐྱོད་ཨང་དང་པོ་རྟགས་ཅན་གྱི་མེ་ཤུགས་འཕུར་མདས་ཤར་ཕྱོགས་དམར་ཨང་དང་པོ་རྟགས་ཅན་གྱི་སྲུང་སྐར་འཕེན་གཏོང་བྱས་པ་ནས་ད་བར་རང་རྒྱལ་གྱིས་རྒྱང་སྐྱོད་རྟགས་ཅན་གྱི་མུ་འབྲེལ་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཐེངས་༢༠༠པ་འཕེན་གཏོང་བྱས་ཡོད། རྒྱང་སྐྱོད་རྟགས་ཅན་མུ་འབྲེལ་སྐྱེལ་འདྲེན་འཕུར་མདའ་ཞིབ་བཟོའི་ཐད་རང་ཚུགས་རང་བདག་དང་གསར་གཏོད་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་པ་དང་། བློས་འཁེལ་ཚད་དང་། བདེ་འཇགས་ལྡན་ཚད། ལེགས་གྲུབ་བྱུང་ཚད། འཁོར་ལམ་ཐོག་བསྐྱོད་ཐུབ་ཚད་སོགས་ཀྱི་ལག་རྩལ་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།