འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིས་ཅིན་ཕིང་གིས་ཨིར་ལན་རྒྱལ་ཁབ་ཀྱི་ཙུང་ཐུང་ཞི་ཅིན་སི་དང་གྲོས་མོལ་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་10ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ཞིས་ཅིན་ཕིང་གིས་ཨིར་ལན་རྒྱལ་ཁབ་ཀྱི་ཙུང་ཐུང་ཞི་ཅིན་སི་དང་གྲོས་མོལ་གནང་བ།
        མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་9ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཨིར་ལན་རྒྱལ་ཁབ་ཀྱི་ཙུང་ཐུང་ཞི་ཅིན་སི་དང་གྲོས་མོལ་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཨིར་ལན་རྒྱལ་ཁབ་ལ་ཆ་འཕྲིན་ལག་རྩལ་དང་། སྨན་བཟོ། ཚེ་སྲོག་ཚན་རིག་ལ་སོགས་པའི་ཁྱབ་ཁོངས་སུ་དམིགས་བསལ་གྱི་དགེ་མཚན་ཡོད་ཅིང་། ཞིང་འབྲོག་ལས་ཀྱི་རྨང་གཞི་ལེགས་པ་དང་། ཀྲུང་གོས་གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་སྐུལ་སྤེལ་གཏོང་བཞིན་ཡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བ་དང་ཞིང་ལས་དེང་རབས་ཅན་དུ་འགྱུར་བ་གང་མགྱོ གས་གཏོང་བཞིན་ཡོད་པས། ཕྱོགས་གཉིས་ཀས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ཆོག  ཀྲུང་གོའི་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཨིར་ལན་རྒྱལ་ཁབ་ཏུ་མ་དངུལ་འཇོག་པར་འགྲོ་བ་དང་། ཨིར་ལན་རྒྱལ་ཁབ་ཀྱི་གནམ་གྲུ་མ་དངུལ་སྡུད་རྒྱུག་གླ་གཏོང་ལས་སྒོ་དང་རླུང་ཤུགས་གློག་འདོན་འཛུགས་སྐྲུན་ལ་ཞུགས་པར་བསྔགས་སྐུལ་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད། 
          གྲོས་མོལ་མ་གནང་གོང་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ཞི་ཅིན་སིར་དགའ་བསུ་ཞུ་བའི་མཛད་སྒོ་བཤམས་ཤིང་། ཀྲུའུ་ཞི་ཞིས་ཅིན་ཕིང་གི་སྐུ་ཟླ་ཕེང་ལིན་ཡོན་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བྱམས་པ་ཕུན་ཚོགས། རྒྱལ་དོན་ཨུ་ཡོན་དབྱང་ཅེ་ཁྲི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མ་ཕེ་ཧྭ་སོགས་མཛད་སྒོར་ཞུགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།