འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།མེ་འཁོར་སྤ་སེ་སྔོན་ཚོང་བྱེད་པའི་དུས་ཚོད་ཉིན་༦༠ཡི་རིང་དུ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་03ཉིན། 09:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།མེ་འཁོར་སྤ་སེ་སྔོན་ཚོང་བྱེད་པའི་དུས་ཚོད་ཉིན་༦༠ཡི་རིང་དུ་གཏོང་རྒྱུ་ཡིན་པ།
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་ལྕགས་ལམ་སྤྱི་ཁྱབ་ཀུང་སིས་བཀོད་སྒྲིག་བྱས་པ་ལྟར་ན། ཟླ་༡༢ཚེས་༡ཉིན་ནས་བཟུང་ཉིན་༦གི་ནང་ལྕགས་ལམ་འཕྲིན་སྦྲེལ་དྲ་བའི་ཐོག་ནས་སྤ་སེ་ཉོ་བ་དང་། ཁ་པར་ཐོག་ནས་སྤ་སེ་སྔོན་ཚོང་བྱེད་པའི་དུས་ཚོད་དེ་མིག་སྔའི་ཉིན་༢༠ནས་ཉིན་༦༠བར་རིང་དུ་གཏོང་རྒྱུ་དང་། ཟླ་༡༢ཚེས་༧ཉིན་ནས་བཟུང་༢༠༡༥ལོའི་དཔྱིད་འདྲེན་གྱི་ཉིན་དང་པོའི(ཟླ་༢ཚེས་༤)མེ་འཁོར་སྤ་སེ་འཚོང་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་ལྕགས་ལམ་འགྲུལ་པའི་སྤ་སེ་སྔོན་ཚོང་བྱེད་པའི་དུས་ཚོད་རིང་དུ་བཏང་རྗེས་ལྕགས་ལམ་སྡེ་ཚན་གྱིས་སྤ་སེ་སློག་རྒྱུ་དང་མིང་བཟོ་བཅོས་རྒྱག་པའི་སྒྲིག་སྲོལ་སྔར་བས་ལེགས་སུ་བཏང་སྟེ་མེ་འཁོར་མ་བཏང་གོང་གི་ཉིན་༡༥ཡན་གྱི་དུས་ཚོད་ནང་སྤ་སེ་ཕྱིར་སློག་བྱས་རིགས་ལ་སྤ་སེ་ཕྱིར་སློག་བྱས་པའི་འགྲོ་གྲོན་བསྡུ་རྒྱུ་མིན་པ་རེད། འདི་ནི་ཟླ་༡༢ཚེས་༡ཉིན་༡༢༣༠༦འགྲུལ་སྐྱེལ་ཞབས་ཞུའི་འཐུས་མིས་ཤིས་ཨན་ལྕགས་ལམ་འགྲུལ་སྐྱེལ་ཞབས་ཞུའི་ལྟེ་གནས་སུ་སྤ་སེ་སྔོན་མངགས་བྱེད་མཁན་གྱི་ཁ་པར་ཉན་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།