འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིས་ཅིན་ཕིང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱེད་པའི་ཀྲུང་དབྱང་འགོ་ཁྲིད་
    ཚོགས་ཆུང་གི་གྲོས་ཚོགས་ཐེངས་བདུན་པ་གཙོ་སྐྱོང་གནང་བ། 

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་03ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་2ཉིན་གྱི་སྔ་དྲོར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱེད་པའི་ཀྲུང་དབྱང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་ཞིས་ཅིན་ཕིང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱེད་པའི་ཀྲུང་དབྱང་འགོ་ཁྲིད་ཚོགས་ཆུང་གི་གྲོས་ཚོགས་ཐེངས་བདུན་པ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཁོང་གིས་སྒྱུར་བཅོས་སྒོ་འབྱེད་དེ་ངོས་འཛིན་དང་ལག་ལེན་གྱི་ཐད་བར་བརྒལ་དང་འཕེལ་རྒྱས་བྱུང་ཐེངས་རེ་རེ་ཚང་མ་མི་དམངས་མང་ཚོགས་ཀྱི་ལག་ལེན་དང་བློ་གྲོས་ལས་བྱུང་བ་མིན་པ་གཅིག་ཀྱང་མེད། ས་གནས་དང་། གཞི་རིམ། མང་ཚོགས་བཅས་ཀྱིས་བསམ་བློ་བཅིངས་འགྲོལ་གཏོང་བ་དང་འཚོལ་ཞིབ་ཧུར་ཐག་བྱེད་པར་བསྔགས་སྐུལ་དང་། ས་ཁོངས་མི་འདྲ་བས་ཁྱད་པར་ཅན་གྱི་ཚོད་ལྟ་བྱེད་པར་བསྔགས་སྐུལ་བྱ་དགོས་པ་དང་། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་མདོ་གནད་དང་མང་ཚོགས་ཀྱི་འཚོ་བའི་དཀའ་གནད་ནས་སྒྱུར་བཅོས་བྱེད་སྒོ་འཛུགས་ས་འཚོལ་ཞིབ་བྱེད་མཁས་པོ་བྱས་ཏེ་སྟེང་རིམ་ཀྱི་ཇུས་འགོད་དང་གཞི་རིམ་གི་འཚོལ་ཞིབ་གཉིས་ཕན་ཚུན་སྐུལ་འདེད་དང་ཟུང་འབྲེལ་དམ་པོར་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
          གྲོས་ཚོགས་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཀུན་སྤྱོད་ལེགས་སྤེལ་ལ་སྐུལ་སྤེལ་གཏིང་ཟབ་པོ་བཏང་བ་དང་བློ་བརྟན་འགྱུར་མེད་ཀྱིས་རུལ་སུངས་སུ་འགྱུར་བར་ཁྲིམས་གཅོད་བྱས་པ་རེད། ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་དང་རུལ་སུངས་སུ་འགྱུར་བར་ངོ་རྒོལ་བྱེད་པའི་ལས་དོན་མུ་མཐུད་དུ་དམ་འཛིན་བྱ་དགོས་ཤིང་། སྔར་མུས་སུ་གནོན་ཤུགས་ཆེན་པོ་དང་རྡུང་རྡེབ་ཚ་ནན་གཏོང་རྒྱུའི་གནས་ཚུལ་རྒྱུན་འཁྱོངས་བྱ་དགོས་པ་ཕུད། ད་དུང་ལམ་ལུགས་འཛུགས་སྤེལ་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
           གྲོས་ཚོགས་ཐོག་དེང་རབས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱ་རྒྱུ་ནི་མི་དམངས་མང་ཚོགས་ཀྱི་གཞི་རྩའི་རིག་གནས་ཁེ་དབང་འགན་སྲུང་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུའི་ལམ་ལུགས་གལ་ཆེན་ཇུས་འགོད་བྱ་རྒྱུ་ཡིན་ཞིང་། དེང་རབས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱ་རྒྱུ་དེ་དམངས་སེམས་དང་མཐུན་པའི་ལས་དོན་ཞིག་ཏུ་བཟུང་སྟེ་སྲིད་གཞུང་གིས་གཙོ་ཁྲིད་བྱ་རྒྱུ་དང་། སྤྱི་ཚོགས་ཞུགས་རྒྱུ།མཉམ་སྐྲུན་མཉམ་སྤྱོད་བྱ་རྒྱུ་བཅས་མཐའ་འཁྱོངས་བྱེད་པ་དང་། གྲོང་ཁྱེར་གྲོང་གསེབ་དང་ས་ཁོངས་བཅས་ཀྱི་རིག་གནས་འཕེལ་རྒྱས་དོ་མཉམ་གཏོང་རྒྱུའི་འཆར་འགོད་གཅིག་གྱུར་བྱས་ནས་གྲོང་ཁྱེར་དང་གྲོས་གསེབ་ཡོངས་སུ་ཁྱབ་པ་དང་། སྟབས་བདེ་ཞིང་ནུས་པ་ཆེ་བ། གཞི་རྩའི་འགན་སྲུང་།  དྲང་གཞག་ཡོང་བར་སྐུལ་སྤེལ་བཅས་བྱེད་པའི་དེང་རབས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གང་མགྱོགས་གྲུབ་པར་བྱ་དགོས་ཞེས་ནན་བཤད་གནང་བ་རེད།
           ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱེད་པའི་ཀྲུང་དབྱང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་གཞོན་པ་ལི་ཁེ་ཆང་དང་། ལིའུ་ཡུན་ཧྲན། ཀྲང་ཀའོ་ལི་བཅས་གྲོས་ཚོགས་ལ་ཞུགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།