འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།བློ་མཐུན་ཡོན་ཡ་ཤུན་གྱི་སྐུ་ཕུང་ལ་ཞལ་གྱེས་ཞུས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་03ཉིན། 09:23】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།བློ་མཐུན་ཡོན་ཡ་ཤུན་གྱི་སྐུ་ཕུང་ལ་ཞལ་གྱེས་ཞུས་པ།
         ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་12ཚེས་1ཉིན་གློག་འཕྲིན་འབྱོར་གསལ། མྱ་ངན་ཆ་ཡིག་ཀློག་གིན་མིག་ཆུ་ཤོར། མྱ་ངན་མེ་ཏོག་མཐོང་བས་སེམས་པ་སྐྱོ། ཟླ་12ཚེས་1ཉིན་གྱི་སྔ་དྲོར། དར་མདོའི་ས་ཡོམ་ཆེན་པོའི་ནང་གཞུང་དོན་ཆེད་སྐུ་གཤེགས་པའི་གུང་གཞོན་སྡེ་ཚོགས་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བློ་མཐུན་ཡོན་ཡ་ཤུན་གྱི་སྐུ་ཕུང་ལ་ཞལ་གྱེས་ཞུས་ཤིང་། ཡུལ་མི་སྤུན་མཆེད་དང་། བློ་མཐུན་ལས་གྲོགས། དང་བླངས་པ་བཅས་དང་དེ་བཞིན་ལས་རིགས་ཁག་གི་མི་སྣ་བརྒྱ་ལྷག་ཙམ་གྱིས་ཡོམ་འགོག་གེགས་སེལ་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དེར་སྐྱེལ་མ་ཞུས་པ་རེད།
          ཁམས་པའི་ཕོ་རྒོད་ཡོན་ཡ་ཤུན་2000ལོར་ལས་ཀར་ཞུགས་པ་ནས་བཟུང་སྔ་རྗེས་སུ་གུང་་གཞོན་སྡེ་ཚོགས་དར་མདོ་རྫོང་ཨུད་ཀྱི་ཧྲུའུ་ཅི་དང་ཀྲུང་གུང་དར་མདོ་རྫོང་ཨུད་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པའི་འགན་འཁུར་མྱོང་ཡོད། དར་མདོར“11·22”ཀྱི་ས་ཡོམ་ཆེན་པོ་བརྒྱབ་རྗེས་སྐབས་དེར་གུང་གཞོན་སྡེ་ཚོགས་དཀར་མཛེས་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ཀྲོའུ་ལོ་ཆུང་གདོང་ལེན་རུ་ཁག་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཀྲོའུ་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་ཡོན་ཡ་ཤུན་གྱིས་འཕྲལ་དུ་འཁོར་ཞག་སྡོད་མཚམས་བཞག་སྟེ་ནན་ཅིང་ནས་ཕྱིར་ལོག་བྱས་ཏེ་རང་འགུལ་ངང་གེགས་ཁུལ་དུ་བསྐྱོད་རྒྱུའི་རེ་འདུན་ཞུས་ཤིང་། ཟླ་11ཚེས་26ཉིན་གྱི་ཆུ་ཚོད་16ཐོག་ཡོན་ཡ་ཤུན་གྱིས་ལ་བརྒྱབ་ཀླུང་བརྒལ་བྱས་ནས་ཡོམ་འགོག་གེགས་སེལ་བྱེད་པར་བསྐྱོད་པའི་ལམ་བར་དུ་སྟབས་མི་ལེགས་པར་གཞུང་དོན་དུ་སྐུ་གཤེགས་པ་དང་། སྐུ་གཤེགས་སྐབས་ལོ་33རེད།
           བློ་མཐུན་ཡོན་ཡ་ཤུན་གཞུང་དོན་དུ་སྐུ་གཤེགས་རྗེས་གུང་གཞོན་སྡེ་ཚོགས་སི་ཁྲོན་ཞིང་ཨུད་དང་སི་ཁྲོན་ཞིང་ཆེན་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡོན་ཡ་ཤུན་ལ“སི་ཁྲོན་གྱི་གཞོན་ནུ་ལྔ་བཞིའི་གཟེངས་རྟགས”དང་། ཀྲུང་གུང་དཀར་མཛེས་ཀྲོའུ་ཨུད་ཀྱིས་ཡོན་ཡ་ཤུན་ལ“ཡོམ་འགོག་གེགས་སེལ་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”ཞེས་པའི་མཚན་སྙན་རྗེས་སྤྲོད་གནང་བ་རེད།
           ཞལ་གྱེས་ཞུ་ཡུལ་དུ་ངག་འཇམ་ཞིང་སྐྱོ་གདུང་གིས་ཁེངས་པའི་མྱ་ངན་གྱི་རོལ་དབྱངས་ཀྱི་སྒྲ་གྲགས་པ་དང་བློ་མཐུན་ཡོན་ཡ་ཤུན་གྱི་སྐུ་ཕུང་མེ་ཏོག་སོས་པའི་དབུས་སུ་བཞག་ཡོད། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་སྤྱི་ཚོགས་དང་ལས་རིགས་ཁག་གི་མི་སྣས་བྲང་ཁར་ཤོག་བུའི་མེ་ཏོག་འདོགས་པ་དང་མཆི་ཞག་འཁོར་བཞིན་དུ་བློ་མཐུན་ཡོན་ཡ་ཤུན་གྱི་སྐུ་ཕུང་གི་མདུན་དུ་ངག་བསྡམས་མྱ་ངན་དང་གུས་འདུད་ཞུས་ནས་དར་མདོའི་གེགས་སེལ་གྱི་འཐབ་ཕྱོགས་དང་པོར་ལུས་ངག་ཡིད་གསུམ་ཕུལ་བའི་དཔའ་བོ་དེར་མཐའ་མའི་སྐྱེལ་མ་ཞུས་པ་རེད། 
           ཡོན་ཡ་ཤུན་འཚོ་བཞུགས་སྐབས་ཀྱི་ལས་གྲོགས་ཤིག་གིས“ཡོན་ཡ་ཤུན་གྱིས་རྟག་ཏུ་བོད་རིགས་ས་ཁུལ་གྱི་གཞོན་ནུ་ལོ་ཆུང་གི་སྐྱིད་སྡུག་སེམས་ལ་བཅངས་ནས་ཞིང་འབྲོག་ཁུལ་གྱི་ཐག་རིང་གྲོང་གསེབ་ཏུ་ཐེངས་མང་སྐྱོད་མྱོང་ཡོད། སྤྱི་ཕན་བྱེད་སྒོ་སྒྲིག་འཛུགས་དང་ཇུས་འགོད་ཐེངས་མང་བྱས་ནས་ཟླ་ཕྱེད་གོང་ད་དུང་དགེ་སྒྲུབ་ཀྱི་སྤྱི་ཕན་མཚན་ཚོགས་གཙོ་སྐྱོང་བྱས་ཡོད། ད་ཐེངས་ཁོང་གིས་གེགས་ཁུལ་གྱི་ཕྲུ་གུ་ཚོར་དངོས་རྫས་དབོར་སྐྱེལ་བྱེད་པའི་ལམ་བར་དུ་རྩ་ཆེའི་ལུས་སྲོག་ཤོར་ནས་ཚང་མའི་གུས་བཀུར་ཐོབ་པ་དང་ང་ཚོས་ནམ་ཡང་ཁོང་ལ་དྲན་གསོ་ཞུ་རྒྱུ་ཡིན”ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།