འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།མི་ཉག་རྫོགས་ཆེན་སློབ་གྲྭའི་སློབ་མ་ཚོས་སྟབས་བདེའི་སློབ་ཁང་དུ་སློབ་ཁྲིད་བྱེད་ཀྱི་ཡོད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་03ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།མི་ཉག་རྫོགས་ཆེན་སློབ་གྲྭའི་སློབ་མ་ཚོས་སྟབས་བདེའི་སློབ་ཁང་དུ་སློབ་ཁྲིད་བྱེད་ཀྱི་ཡོད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༢༢ཉིན་ས་ཡོམ་རིམ་པ་༦.༣བརྒྱབ་རྗེས། མི་ཉག་རྫོགས་ཆེན་སློབ་གྲྭའི་སློབ་མ་༡༨༠༠ལྷག་སྐར་མ་༥ཙམ་གྱི་རིང་མགྱོགས་མྱུར་ངང་ཕྱིར་ཐོན་ཡོམ་གཡོལ་བྱེད་ཐུབ་ཅིང་། དགེ་སློབ་ཚང་མར་ས་ཡོམ་གྱི་གནོད་འཚེ་ཐེབས་མེད་པ་རེད།
         ཤེས་རྟོགས་བྱུང་བ་ལྟར་ན། མི་ཉག་རྫོགས་ཆེན་སློབ་གྲྭའི་སློབ་མ་ཚོར་སློབ་ཁྲིད་དུས་ལྟར་བྱེད་རྒྱུ་འགན་ལེན་བྱ་ཆེད། ཉེན་རྟོག་དྲག་དཔུང་སི་ཁྲོན་སྤྱི་ཁྱབ་རུ་ཁག་གི་ཡན་ལག་རུ་ཁག་གཉིས་པ་དང་དཀར་མཛེས་ཡན་ལག་རུ་ཁག་གཉིས་ཀྱི་དཔོན་དམག་༢༠༠ལྷག་ཙམ་གྱིས་ཉིན་ཤས་བསྟུད་མར་གེགས་ཐེབས་གྲོང་ཚོར་ཕྱིན་ནས་ཉིན་མཚན་མེད་པར་གེགས་སེལ་དངོས་ཟོག་སྐྱེལ་འདྲེན་བྱེད་རོགས་དང་། གུར་འབུབས་རོགས་བཅས་བྱས་པའི་དཀའ་དུབ་རྒྱབ་ཏུ་བསྐྱུར་ཏེ་འཕྲལ་མ་ཉིད་དུ་སློབ་མ་ཚོར་སྟབས་བདེ་སློབ་ཁང་རྒྱག་རོགས་དང་། སློབ་གྲྭའི་སྒྲོག་ཙེ་དང་རྐུབ་སྟེགས་སོགས་སྐྱེལ་རོགས་བྱས་ཏེ་སློབ་མ་ཚོས་སློབ་ཁྲིད་དུས་ལྟར་སླར་གསོ་བྱེད་ཐུབ་པར་འགན་ལེན་ཏན་ཏིག་བྱས་པ་རེད།
         མིག་སྔར། སློབ་གྲྭ་དེའི་ལོ་རིམ་དགུ་པའི་སློབ་མ་༢༣༧ལ་རྒྱུན་ལྡན་ལྟར་སློབ་ཁྲིད་སླར་གསོ་བྱུང་བ་དང་། སློབ་ཁྲིད་སྒྲིག་ལམ་ལྡན་པའི་ངང་བྱེད་བཞིན་ཡོད་པ་མ་ཟད། སློབ་མ་ཚོས་ཀྱང་བློ་སེམས་བདེ་པོའི་ངང་སློབ་མཇུག་གི་ཡིག་རྒྱུགས་ལ་གྲ་སྒྲིག་བྱེད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།