འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་ཀྱི་རྫོང་༧༣ལ་འགྲུལ་སྐྱེལ་དུས་གཏན་རླངས་འཁོར་ཤར་གཏོང་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་03ཉིན། 09:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་གྱི་ས་གནས་ས་ཐོག་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ༢༠༡༡ལོར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་<<གྲོང་གསེབ་ཀྱི་འགྲུལ་སྐྱེལ་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་སྐོར་གྱི་བསམ་འཆར་>>བཏོན་པ་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་<<གྲོང་གསེབ་ཀྱི་འགྲིམ་འགྲུལ་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་རྒྱུའི་སྐོར་གྱི་བསམ་འཆར་ལག་བསྟར་གྱི་ཞིབ་སྲོལ་>>བཟོས་ཏེ་གྲོང་གསེབ་ཀྱི་འགྲུལ་སྐྱེལ་འཕེལ་རྒྱས་ལ་སྐུལ་མ་ཧུར་ཐག་བཏང་བས་གྲོང་གསེབ་ཀྱི་འགྲུལ་སྐྱེལ་གནས་ཚུལ་རིམ་བཞིན་ལེགས་སུ་ཕྱིན་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་བོད་རང་སྐྱོང་ལྗོངས་ཀྱི་རྫོང་༧༤ཡི་ནང་མེ་ཏོག་རྫོང་ལ་འགྲུལ་སྐྱེལ་དུས་གཏན་རླངས་འཁོར་ཤར་གཏོང་མ་ཐུབ་པ་ཕུད་རྫོང་གཞན་ཚང་མར་འགྲུལ་སྐྱེལ་དུས་གཏན་རླངས་འཁོར་ཤར་གཏོང་ཐུབ་པ་རེད། ཤང་དང་གྲོང་རྡལ་༦༨༢ལ་འགྲུལ་སྐྱེལ་དུས་གཏན་རླངས་འཁོར་༤༠༧ཤར་གཏོང་ཐུབ་ནས་ཤར་གཏོང་ཐུབ་ཚད་༦༠.༨%ཟིན་པ་དང་སྲིད་འཛིན་གྲོང་ཚོ་༥༢༦༡ལ་འགྲུལ་སྐྱེལ་དུས་གཏན་རླངས་འཁོར་༢༣༡༠ཤར་གཏོང་ཐུབ་ནས་ཤར་གཏོང་ཐུབ་ཚད་༤༢.༩%ཟིན་ཡོད་པ་རེད། བོད་ལྗོངས་ཡོངས་སུ་གྲོང་གསེབ་ཀྱི་འགྲུལ་སྐྱེལ་ལམ་ཐིག་༢༡༥ཤར་གཏོང་ཐུབ་ནས་གྲོང་གསེབ་ཀྱི་འགྲུལ་སྐྱེལ་དུས་གཏན་རླངས་འཁོར་གཏོང་གི་ཡོད་པ་དང་། རྫོང་རིམ་པའི་འགྲུལ་སྐྱེལ་ས་ཚིགས་༦༧སྐྲུན་པ་དེའི་ནང་ས་ཚིགས་༥༠བེད་སྤྱོད་གཏོང་གི་ཡོད་པ་དང་བེད་སྤྱོད་བཏང་ཚད་༧༥%ཟིན་པ། ཤང་དང་གྲོང་རྡལ་རིམ་པའི་འགྲུལ་སྐྱེལ་ས་ཚིགས་༩སྐྲུན་པ་དེས་ཤང་དང་གྲོང་རྡལ་གྱི་སྤྱི་འབོར་གྱི་༡%བཟུང་བ། སྲིད་འཛིན་གྲོང་ཚོ་རིམ་པའི་གྲོང་གསེབ་ཀྱི་འགྲུལ་སྐྱེལ་རླངས་འཁོར་བཀག་ས་༡༧༠ཡོད་པ་དེས་སྲིད་འཛིན་གྲོང་ཚོའི་སྤྱི་འབོར་གྱི་༣%བཟུང་བ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།