འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཡར་ཀླུང་ཚོང་འདུས་སྐབས་༣༤པ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་03ཉིན། 09:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་༡༢ཚེས་༡ཉིན་དུས་ཡུན་ཉིན་བདུན་ཡིན་པའི་ཡར་ཀླུང་ཚོང་འདུས་སྐབས་༣༤པ་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་མཁར་ཐོག་ཤང་དུ་འགོ་ཚུགས་ཤིང་། གསར་འགོད་པས་གནས་ཚུལ་གཏོང་སྤེལ་བྱེད་པའི་བར་ཚོང་འདུས་ཀྱི་ཉིན་དང་པོ་དེ་རེད། ཚོགས་འདུས་ནང་ཞུགས་མཁན་ཚོང་དུད་༥༥༤༥དང་། ཚོང་ཟོག་སྣ་ཁ་༧༣༢ཚོང་ཟོག་གི་དངུལ་འབོར་སྒོར་ཁྲི་༢༤༨༧༠ ཚོང་འདུས་ནང་ཞུགས་མཁན་མི་གྲངས་ཁྲི་༣.༣ ཚོང་འགྲིག་ཚད་སྒོར་ཁྲི་༤༢༦༥ཟིན་ཡོད་པ་རེད།
         ཚོང་འདུས་བཀོད་འདོམས་པུའི་བཀོད་འདོམས་པ་གཞོན་པ་ཕུན་ཚོགས་རྡོ་རྗེས་ལོ་དེ་དག་རིང་གི་ཚོང་འདུས་ཀྱི་ཚོང་འགྲིག་ཚད་དངུལ་འབོར་ལྡབ་འཕར་བྱུང་ཡོད། “༢༠༡༢ང་འདུས་ཀྱི་ཚོང་འགྲིག་པའི་དངུལ་འབོར་སྒོར་དུང་ཕྱུར་༡.༤ཟིན་པ་དང་༢༠༡༣ལོར་སྒོར་དུང་ཕྱུར་༤ཟིན་ཡོད། འདི་ལོའི་ཉིན་བདུན་གྱི་ཚོང་འདུས་རིང་ཚོང་འགྲིག་པའི་དངུལ་འབོར་གྱི་ཟིན་ཐོ་གསར་པ་གཏོད་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།