འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་བལ་ཡུལ་གྱི་དེ་སྔའི་འགག་སྒོ་ཆེ་ཤོས་སྒོ་དབྱེ་ནས་ལས་གཉེར་བྱེད་འགོ་ཚུགས་པ།

    ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་དཔལ་འབྱོར་ཁུལ་གྱི“འབྲེལ་ལམ”ཟབ་ཏུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་03ཉིན། 08:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་ཏུང་མིང་ཅུན་གྱིས་ཟླ་༡༢ཚེས་༡ཉིན་སྐྱིད་གྲོང་འགག་སྒོར་ཀྲུང་གོའི་སྐྱིད་གྲོང་དང་བལ་ཡུལ་གྱི་་རི་ཟུར་བའི་ཕྱོགས་གཉིས་ཀྱི་འགག་སྒོ་དངོས་སུ་སྒོ་དབྱེ་ནས་ལས་གཉེར་བྱེད་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད། དེ་ཐོག་ནས་ཀྲུང་གོ་དང་བལ་ཡུལ་བར་གྱི་སྔོན་ཆད་སྐམ་ལམ་གྱི་འགག་སྒོ་ཆེ་ཤོས་སྐྱིད་གྲོང་འགག་སྒོ་ནས་སླར་ཡང་དེ་སྔའི་དར་རྒྱས་མངོན་པ་དང་། ཀྲུང་གོས་ཀྱང་གོ་སྐབས་དེ་དང་བསྟུན་ནས་ཨེ་ཤེ་ཡ་ལྷོ་མའི་དཔལ་འབྱོར་ཁུལ་དང་འབྲེལ་ལམ་ཟབ་ཏུ་གཏོང་རྒྱུ་ཡིན་པ་མཚོན་ཡོད་པ་རེད།
         སྐྱིད་གྲོང་འགག་སྒོ་དེ་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུ་དང་བར་ཐག་སྤྱི་ལེ་༡༣༡ལས་མེད་པ་དང་། སྔོན་ཆད་ཀྲུང་གོ་དང་བལ་ཡུལ་བར་གྱི་སྐམ་ལམ་ཉོ་ཚོང་གི་འགག་སྒོ་ཆེ་ཤོས་དེ་རེད། སྐྱིད་གྲོང་འགག་སྒོ་༡༩༦༢ལོར་བཙུགས་པ་དང་༡༩༧༨ལོར་སྐྱིད་གྲོང་འགག་སྒོ་དེ་རྒྱལ་ཁབ་ཀྱིས་སྐམ་ལམ་ཚོང་འགྲུལ་གྱི་འགག་སྒོའི་རིགས་ཤིག་ལ་གཏན་འཁེལ་བྱས་པ་རེད།
         གསར་འགོད་པར་ཤེས་རྟོགས་བྱུང་གསལ། གོམ་སྟབས་རྗེས་མར་ལྷ་ས་འགག་སྒོས་ས་གནས་སྲིད་གཞུང་ལ་གཞོགས་འདེགས་བྱས་ནས་སྐྱིད་གྲོང་འགག་སྒོའི་ནུས་པ་སྔར་བས་འཐུས་ཚང་དུ་གཏོང་བ་དང་སྒོ་མོ་དབྱེ་ཚད་རྒྱ་ཆེར་བཏང་སྟེ་ཨེ་ཤེ་ཡ་ལྷོ་མའི་སྐམ་ལམ་ཆེན་པོ་གཏོད་རྒྱུར་ཆ་རྐྱེན་བསྐྲུན་རྒྱུ་རེད། དེ་དང་ཆབས་ཅིག་སྐྱིད་གྲོང་འགག་སྒོ་དེ་གཙོ་གནད་དུ་བྱས་ནས་ཀྲུང་གོ་དང་བལ་ཡུལ་གྱི་སྐྱིད་གྲོང་འགག་སྒོའི་མཐའ་མཚམས་སྒྲོལ་བའི་དཔལ་འབྱོར་མཉམ་ལས་ཁུལ་གང་མགྱོགས་ངང་བསྐྲུན་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།