འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོ་མཚོ་སྔོན་ཟི་ལིང་གི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་བརྒྱ་ལས་བརྒལ་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་01ཉིན། 09:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། འདི་ལོར་ཟི་ལིང་གྲོང་ཁྱེར་གྱིས་རྒྱལ་སྤྱིའི་གྲགས་ཅན་གྱི་ས་མཐོའི་རི་ཆུའི་ལྡུམ་རའི་ཡུལ་སྐོར་གྲོང་ཁྱེར་དང་། མཚོ་བོད་ས་མཐོའི་ཡུལ་སྐོར་དམིགས་ས། བསྡུ་འགྲེམས་ལྟེ་གནས་བཅས་བསྐྲུན་རྒྱུའི་དམིགས་ཚད་ལ་གཞིགས་ནས“ཀྲུང་གོའི་དབྱར་གྲོང”ཡུལ་སྐོར་གྲོང་ཁྱེར་གྱི་སྤུས་རྟགས་བློ་རྩེ་གཅིག་སྒྲིམ་གྱིས་སྐྱེད་སྲིང་བྱས་ནས་བཏོད་པས་ཡུལ་སྐོར་ལས་རིགས་བརྟན་ལ་ཅུང་མགྱོགས་པོའི་སྒོ་ནས་འཕེལ་རྒྱས་ཕྱིན་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར་གྲོང་ཁྱེར་དེ་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་༡༢༠༠.༩༠ལ་སྣེ་ལེན་ཞུས་པ་དེ་ལོ་གོང་མའི་དུས་མཚུངས་ལས་༡༡.༧༣%འཕར་བ་དང་། ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་༡༠༥.༦༨བྱུང་བ་དེ་ལོ་གོང་མའི་དུས་མཚུང་ལས་༢༨.༤༢༡%འཕར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།