འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།དར་མདོའི་གེགས་ཁུལ་གྱི་མི་ཉག་རྫོགས་ཆེན་སློབ་གྲྭའི་དམའ་རིམ་སློབ་འབྲིང་ལོ་རིམ་གསུམ་པའི་
    སློབ་མ་སྟབས་བདེའི་ཁང་པའི་ནང་སློབ་ཚན་འཚོག་རྒྱུ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་30ཉིན། 11:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།དར་མདོའི་གེགས་ཁུལ་གྱི་མི་ཉག་རྫོགས་ཆེན་སློབ་གྲྭའི་དམའ་རིམ་སློབ་འབྲིང་ལོ་རིམ་གསུམ་པའི་
སློབ་མ་སྟབས་བདེའི་ཁང་པའི་ནང་སློབ་ཚན་འཚོག་རྒྱུ་བྱུང་བ།
         མི་དམངས་དྲ་བའི་འཕྲིན། དཀར་མཛེས་ཁུལ་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་༡༡ཚེས་༢༥ཉིན་དར་མདོར་ཡོམ་འཕྲོ་བརྒྱབ་རྗེས་དཀར་མཛེས་ཁུལ་གྱི་སློབ་ཁྲིད་སླར་གསོའི་ལས་དོན་ལ་དཀའ་ངལ་ཆེན་པོ་འཕྲད་པ་དང་ཡོམ་ཁུལ་གྱི་སློབ་གྲྭ་ཁག་གཅིག་གི་སློབ་གྲྭའི་ཉལ་ཁང་ལ་སླར་ཡང་གཏོར་སྐྱོན་བྱུང་རྗེས་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའི་རིགས་གཅིག་མཁས་ཅན་གྱིས་སློབ་གྲྭའི་ཉལ་ཁང་རེ་རེ་བཞིན་ལ་གསལ་འབྱེད་བྱས་ནས་སློབ་ཁྲིད་སླར་གསོའི་ཆ་རྐྱེན་འཛོམས་པའི་སློབ་གྲྭ་ཁག་གཅིག་ཟླ་༡༢ཚེས་༡ཉིན་ནས་བཟུང་སློབ་ཁྲིད་སླར་གསོ་བྱ་རྒྱུ་ཡིན་པ་དང་། གཞན་ད་དུང་མི་ཉག་རྫོགས་ཆེན་སློབ་གྲྭའི་ལུས་རྩལ་ཐང་དུ་སྟབས་བདེའི་ཁང་པ་༤༢བརྒྱབ་སྟེ་སློབ་གྲྭ་དེའི་སློབ་མ་ཡོངས་སློབ་ཁྲིད་སླར་གསོ་ཡོང་རྒྱུའི་ཐད་སྤྱོད་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།