འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུའི་དཔོན་རིགས་ཀྱིས་སྣུམ་གོང་ཆག་པའི་རྐྱེན་གྱིས་གྱོང་གུན་ཨ་སྒོར་དུང་
    ཕྱུར་༡༠༠༠ཕོག་ཡོད་ལུགས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་28ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༢༤ཉིན་ཨུ་རུ་སུའི་ནོར་སྲིད་པུའུ་ཀྲང་ཤིས་ལུའུ་ཨན་ནུའོ་ཕུའུ་ཡིས་རྒྱལ་སྤྱིའི་ཁྲོམ་རའི་ཐོག་སྣུམ་གོང་ཆག་པའི་རྐྱེན་གྱིས་ཨུ་རུ་སུར་ཨ་སྒོར་དུང་ཕྱུར་༡༠༠༠གྱོང་གུན་ཕོག་པ་མ་ཟད། ནུབ་ཕྱོགས་ཀྱིས་ཨུ་རུ་སུར་བཀག་སྡོམ་བྱས་པ་དེས་ཀྱང་ཨུ་རུ་སུར་ཨ་སྒོར་དུང་ཕྱུར་༤༠༠གྱོང་གུན་ཕོག་ཡོད་ལུགས་བརྗོད་པ་རེད།
         ཤིས་ལུའུ་ཨན་ནུའོ་ཕུའུ་ཉིན་དེར་མོ་སི་ཁོ་རུ་གཉེར་བའི་འབྲེལ་ཡོད་དཔལ་འབྱོར་གླེང་སྟེགས་ཐོག་ཞུགས་སྐབས་ས་བབ་ཐད་ཀྱི་འབྲེལ་བ་དང་ཆབ་སྲིད་ཛ་དྲག་པའི་རྐྱེན་གྱིས་ཨུ་རུ་སུས་ཕྱི་ཕྱོགས་མ་དངུལ་འདྲེན་འགུགས་ཟམ་མི་ཆད་པར་བྱེད་ཉུང་དུ་སོང་ནས་ཨུ་རུ་སུའི་ཀུང་སི་ཁག་གཅིག་རྒྱལ་ཕྱི་ནས་མ་དངུལ་རག་ཐབས་བྲལ་བའི་དབང་གིས་བུ་ལོན་གྱི་ཉེན་ཁའི་གནས་སུ་གྱར་ཡོད། ནུབ་ཕྱོགས་ཀྱིས་ཨུ་རུ་སུར་བཀག་སྡོམ་བྱས་པ་དེས་ཨུ་རུ་སུར་ཨ་སྒོར་དུང་ཕྱུར་༤༠༠གྱོང་གུན་ཕོག་པ་དང་སྣུམ་གོང་ཆག་པ་དེས་ཀྱང་ཨུ་རུ་སུར་ཨ་སྒོར་དུང་ཕྱུར་༡༠༠༠ཙམ་གྱོང་གུན་ཕོག་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།