༄༅།།ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ད་བར་མ་ལེ་ཞི་ཡའི་དུས་གཏན་གནམ་གྲུ་༣༧༠ཡི་ཁུངས་སྣེ་
སྔར་བཞིན་རྙེད་མེད་ཅེས་བཤད་པ།
གསར་འགྱུར་སྤེལ་དུས། 【2014ལོའི་ཟླ་ 11ཚེས་28ཉིན། 14:32】 (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)
མི་དམངས་དྲ་བའི་འཕྲིན། ཟླ་༡༡ ཚེས་༢༦ཉིན་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཀྱི་མ་ལེ་ཞི་ཡ་མཁའ་འགྲུལ་ཀུང་སིའི་དུས་གཏན་གནམ་གྲུ་MH༣༧༠བཙལ་འཚོལ་བྱེད་པའི་མཉམ་འབྲེལ་མཐུན་སྦྱོར་ལྟེ་གནས་ཀྱི་སྤྱི་ཁྱབ་མཐུན་སྦྱོར་པ་ཀྲུའུ་ཏི་སི་ཆིའར་ཁེས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་འབྲེལ་ཡོད་གྲུ་གཟིངས་ཀྱིས་གཞི་ཁྱོན་སྤྱི་ལེ་གྲུ་བཞི་མ་༧༠༠༠ཟིན་པའི་མཚོ་གཏིང་དུ་བཙལ་འཚོལ་བྱས་ཀྱང་ད་བར་ཤེས་རྟོགས་གང་ཡང་བྱུང་མེད། འོན་ཀྱང་མུ་མཐུད་བཙལ་འཚོལ་བྱེད་བཞིན་ཡོད་པས་མཐུན་སྦྱོར་ལྟེ་གནས་ཀྱིས་དུས་བཀག་ནང་གནས་ཚུལ་གསར་བརྗེ་དང་འབྲེལ་གནམ་གྲུ་དེའི་མི་སྣའི་ནང་མི་དང་འབྲེལ་བ་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།