འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་གི་བོད་རིགས་ས་ཁུལ་གྱི་ལས་དོན་བརྟག་ཞིབ་ཚོགས་ཆུང་བདེ་ཆེན་དུ་
    བརྟག་ཞིབ་བྱེད་པར་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་30ཉིན། 11:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ས་ཁུལ་སིའི་སི་ཀྲང་གཞོན་པ་ཙོའུ་ཡུང་གིས་སྣེ་ཁྲིད་པ་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་། ཞིང་ལས་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། རྒྱལ་ཁབ་དབུལ་སྐྱོར་གཞུང་དོན་ཁང་སོགས་འབྲེལ་ཡོད་པུའུ་ཨུད་ལས་གྲུབ་པའི་ཀྲུང་དབྱང་གི་བོད་རིགས་ས་ཁུལ་གྱི་ལས་དོན་བརྟག་ཞིབ་ཚོགས་ཆུང་དང་བཅས་པ་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་བརྟག་ཞིབ་བྱེད་པར་བསྐྱོད་ཡོད་ཅིང་། བརྟག་ཞིབ་ཚོགས་ཆུང་གིས་གཙོ་བོ་༢༠༡༠ལོ་ཤར་ཚུན་གྱི་ཀྲུང་དབྱང་དང་ཞིང་ཆེན་གྱིས་ཡུན་ནན་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་བྱ་ཚུལ་དང་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།