འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་ཀྱི་སྐྱིད་གྲོང་འགག་སྒོ་ཟླ་༡༢པར་དངོས་སུ་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་30ཉིན། 11:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་འཛུགས་སྐྲུན་རྣམ་གྲངས་གལ་ཆེན—སྐྱིད་གྲོང་འགག་སྒོ་ཟླ་12པར་དངོས་སུ་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུ་ཡིན་པ་དེས་ཡུལ་དེའི་ཚོང་པར་ཚོང་ལས་གོ་སྐབས་བསྐྲུན་པ་མཚོན་ཐུབ་ལ་མཛེས་སྡུག་ལྡན་པའི་རི་གྲོང་དེ་བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་ཚོང་དོན་བགྲོད་ལམ་ཆེ་གྲས་གཉིས་པ་དང་ཨེ་ཤེ་ཡ་ལྷོ་མའི་སྐམ་ལམ་ཚོང་དོན་གྱི་བགྲོད་ལམ་ཆེ་མོའི་ཐོན་སྒོ་གལ་ཆེན་ཞིག་ཏུ་འགྱུར་རེ་ཡོད་པ་དེ་བས་ཀྱང་སྔོན་དཔག་ཐུབ་ཐོག་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཕྱི་ཕྱོགས་སྒོ་དབྱེའི་ཆུ་ཚད་མཐོ་རུ་གཏོང་བ། འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་ཐད་འགྲམ་འགག་སྒོ་དང་སྐྱིད་གྲོང་འགག་སྒོ་གཉིས་མཉམ་དུ་འཁོར་རྒྱུག་བྱེད་པའི་རྣམ་པ་ཐོན་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།