འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅༎།ཀྲུང་གོ་དངུལ་ཁང་ལ་ནེའུ་ཙི་ལན་དུ་དངུལ་ཁང་གི་ལག་ཁྱེར་རག་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་20ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་18ཉིན་ནེའུ་ཙི་ལན་གསོག་འཇོག་དངུལ་ཁང(ལྕེ་བའི་དངུལ་ཁང)གིས་ཀྲུང་གོ་དངུལ་ཁང་ནེའུ་ཙི་ལན་ཡན་ལག་དངུལ་ཁང་ལ་ནེའུ་ཙི་ལན་དུ་ཐོ་འགོད་ཀྱི་ཆོག་འཐུས་སྤྲད་པ་དང་། གཏན་འབེབས་དེ་ཚེས་21ཉིན་ནས་གོ་ཆོད་རྒྱུ་རེད་ཅེས་བསྒྲགས་པ་རེད།
          ཀྲུང་གོ་དངུལ་ཁང་ནི་ནེའུ་ཙི་ལན་དུ་ཐོ་འགོད་བྱས་པའི་ཡན་ལག་དངུལ་ཁང་གི་ཀྲུང་གོའི་གཞུང་ཁོངས་ཚོང་ལས་དངུལ་ཁང་གསུམ་པ་ཡིན། ཀྲུང་གོ་བཟོ་ཚོང་དངུལ་ཁང་གི་ཡན་ལག་དངུལ་ཁང་ནི་ན་ནིང་གི་ཟླ་11པར་ནེའུ་ཙི་ལན་དུ་ཐོ་འགོད་བྱས་པ་མ་ཟད་ད་ལོའི་ཟླ་2པར་དངོས་སུ་ལས་གཉེར་བྱས་པ་དང་། ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་གི་ཡན་ལག་དངུལ་ཁང་གིས་ད་ལོའི་ཟླ་7པར་ནེའུ་ཙི་ལན་དུ་ཐོ་འགོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།