འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།གཞིས་རྩེའི་ཞིང་ལས་ཐོན་རྫས་རིན་ཐང་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་པ། 

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་20ཉིན། 09:32】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པར་གཞིས་རྩེ་ས་ཁུལ་གྱི་སྣོད་བཅུད་སྐྱེ་ལྡན་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན།ཉེ་བའི་ལོ་ཤས་རིང་གཞིས་རྩེ་ས་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་ཐོན་སྐྱེད་རྟེན་གཞི་སྟོབས་ཆེར་བཏང་ནས་གཞིས་རྩེའི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ལྡན་ཐོན་རྫས་ཀྱི་གྲགས་ཅན་སྤུས་རྟགས་ཧུར་ཐག་གཏོད་པ་དང་།ཐོན་ལས་འབྲེལ་ཐག་སྣུར་བསྲིང་གཏོང་བ།ཟུར་བསྣན་རིན་ཐང་ཆེ་རུ་གཏོང་བ་བཅས་བྱས་ནས་སྣོད་བཅུད་སྐྱེ་ལྡན་གྱི་ཞིང་འབྲོག་ཐོན་ལས་སྔར་བས་རྒྱ་སྟོབས་ཆེ་རུ་བཏང་བས་ཞིང་ལས་ཐོན་རྫས་རིན་ཐང་ནི་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།
          གཞིས་རྩེ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གཞོན་པ་ས་ཨུད་ཀྱི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་པ་སངས་ཀྱིས་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཉེ་བའི་ལོ་ཤས་རིང་གཞིས་རྩེ་ས་ཁུལ་གྱིས“ལེགས་ལྡན་ས་ཁོངས་དང་།ལེགས་ལྡན་ཐོན་ཁུངས།ལེགས་ལྡན་ཐོན་ལས།སྔོན་ལ་འཕེལ་རྒྱས”བཅས་ཀྱི་བསམ་ཕྱོགས་ལ་གཞིགས་པ་དང་ཐོན་ཚད་དང་།སྤུས་ཚད།གྲུབ་ཆ།ཕན་འབྲས་བཅས“གཅིག་གྱུར་བཞིའི”རྩ་དོན་མཐའ་འཁྱོངས་ཀྱིས་ནུས་ཤུགས་ཡོད་རྒུས་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་ཐོན་སྐྱེད་རྟེན་གཞི་སྟོབས་ཆེར་གཏོང་བ་དང་།གཞིས་རྩེའི་དམིགས་བསལ་ཁྱད་ཆོས་ལྡན་པའི་སྐྱེ་ལྡན་ཐོན་རྫས་ཀྱི་གྲགས་ཅན་སྤུས་རྟགས་ཧུར་ཐག་གཏོད་པ།ཐོན་ལས་འབྲེལ་ཐག་སྣུར་བསྲིང་གཏོང་བ།ཟུར་བསྣན་རིན་ཐང་ཆེ་རུ་གཏོང་བ་བཅས་བྱས་ནས་སྣོད་བཅུད་སྐྱེ་ལྡན་གྱི་ཞིང་འབྲོག་ཐོན་ལས་སྔར་བས་སྟོབས་ཆེ་རུ་བ་རེད།མྱང་ཆུའི་ནས་དང་།པ་སྣམ་གྱི་སྔོ་ཚལ།གམ་པའི་ལུགགྲོ་མོའི་མོག་རོ།གྲོ་མོའི་ཝ་ཡུས་ཉ།ཕག་རིའི་འབྲི་གཡག་སོགས་ཐོན་རྫས་ལྗོངས་ཕྱི་ནང་དུ་སྐད་གྲགས་ཆོད་ཡོད་པ་རེད།དུས་མཚུངས་གཞིས་རྩེས་གཞིས་རྩེ་དང་།རྒྱལ་རྩེ།པ་སྣམ་བཅས་མྱང་ཆུའི་བརྒྱུད་ཀྱི་རྫོང་དང་གྲོང་ཁྱེར་གསུམ་ལྟེ་བའི་ཐོན་ཁུལ་དུ་བྱེད་པའི་གཞི་ཁྱོན་མུའུ་60ལྷག་ཙམ་ཟིན་པའི་ནས་ཀྱི་རྟེན་གཞི་སྐྲུན་པ་དང་།“གམ་པའི་ལུག”དཔལ་འབྱོར་ཁུལ་གཏོད་པ།ལོའི་ཐོན་ཚད་སྤྱི་རྒྱ་4000ཟིན་པའི་གྲོ་མོའི་མོག་རོའི་ཐོན་སྐྱེད་རྟེན་གཞི་སྐྲུན་པ་བཅས་བྱས་པ་དང་།ཐོན་སྐྱེད་རྟེན་གཞི་དེ་དག་ཆུང་བ་ནས་ཆེ་བའི་བར་དང་ཐོན་སྐྱེད་ནུས་པ་ཞན་པ་ནས་ཆེ་བའི་བར་གྱུར་ཡོད་ཅེས་ངོ་སྤྲོད་བྱས་ནས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།