འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་ཕྱི་རྒྱལ་དུ་བྲོས་བྱོལ་དུ་ཕྱིན་པའི་དཔལ་འབྱོར་ཉེས་གསོག་དོགས་ཅན་288
    འཛིན་བཟུང་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་20ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་17ཉིན་གསར་འགོད་པས་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱས་པར། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་མངའ་ཁོངས་ཕྱིར་བྲོས་བྱོལ་དུ་ཕྱིན་པའི་དཔལ་འབྱོར་ཉེས་གསོག་དོགས་ཅན་འཛིན་བཟུང་བྱེད་པའི་ཆེད་དོན་བྱ་སྤྱོད(ཚབ་མིང་ལ“ཝ་རྔོན། 2014ལོ”ཞེས་བརྗོད)སྤེལ་ཚུན། མངའ་ཁོངས་ཕྱིར་བྲོས་བྱོལ་དུ་ཕྱིན་པའི་དཔལ་འབྱོར་ཉེས་གསོག་དོགས་ཅན་288འཛིན་བཟུང་བྱས་པ་དེའི་ནང་མི་126གིས་རང་འགུལ་ངང་རང་ཉེས་ངོས་ལེན་ཞུས་ཤིང་། སྤྱི་བདེ་པུས་མངའ་ཁོངས་ཕྱིར་བྲོས་བྱོལ་དུ་ཕྱིན་པའི་དཔལ་འབྱོར་ཉེས་གསོག་དོགས་ཅན་གྱིས་གང་མགྱོགས་རང་ཉེས་ངོས་ལེན་ཞུ་རྒྱུའི་ཐད་སླར་ཡང་སྐུལ་མ་བཏང་བ་རེད།
          སྤྱི་བདེ་པུའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། པུའུ་ཀྲང་གཞོན་པ།“ཝ་རྔོན། 2014ལོའི”ཆེད་དོན་བྱ་སྤྱོད་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ལིའུ་ཅིན་ཀུའོ་ཡིས་མིག་སྔའི་བར་བྱ་སྤྱོད་དེས་སྔ་རྗེས་སུ་ཨ་རི་དང་། ཁ་ན་ཏ། སི་ཕེན། ཨ་ཀེན་ཐིན།ཧན་གོ། ཐེ་ལན། ཤང་ཀང་། ཐའེ་དབན། ལྷོ་ཨ་ཧྥེ་རི་ཁ། ནི་ཀྲེ་རི་ཡ་སོགས་རྒྱལ་ཁབ་དང་ས་ཁུལ་56ནས་མངའ་ཁོངས་ཕྱིར་བྲོས་བྱོལ་དུ་ཕྱིན་པའི་དཔལ་འབྱོར་ཉེས་གསོག་དོགས་ཅན་288འཛིན་བཟུང་བྱས་པ་དེའི་ནང་། མངའ་ཁོངས་ཕྱིར་བྲོས་བྱོལ་དུ་ཕྱིན་ནས་ལོ་བཅུ་ཡན་སོང་བའི་དཔལ་འབྱོར་ཉེས་གསོག་དོགས་ཅན་21འཛིན་བཟུང་བྱས་པ་དང་། ཨ་རི་དང་། ཁ་ན་ཏ། རི་པིན། པེར་ཀྲེམ་སོགས་དར་རྒྱས་ཆེ་བའི་རྒྱལ་ཁབ་ནས་མི་84འཛིན་བཟུང་བྱས་པ། མངའ་ཁོངས་ཕྱིར་བྲོས་བྱོལ་དུ་ཕྱིན་པའི་དཔལ་འབྱོར་ཉེས་གསོག་དོགས་ཅན་126གིས་རང་ཉེས་ངོས་ལེན་ཞུས་པ་བཅས་རེད་ཅེས་བཤད་པ་རེད།
           ངོ་སྤྲོད་བྱས་པར་གཞིགས་ན།“ཝ་རྔོན། 2014ལོའི”ཆེད་དོན་བྱ་སྤྱོད་སྤེལ་རིང་ཅང་སུའུ་དང་། ཀྲེ་ཅང་། ཧྲང་ཧའེ་བཅས་ཞིང་ཆེན་དང་གྲོང་ཁྱེར་གསུམ་གྱི་སྤྱི་བདེ་ལས་ཁུངས་ཀྱིས་མངའ་ཁོངས་ཕྱིར་བྲོས་བྱོལ་དུ་ཕྱིན་པའི་དཔལ་འབྱོར་ཉེས་གསོག་དོགས་ཅན་ཁྱོན་90འཛིན་བཟུང་དང་ཁ་ཏ་བསླབ་བྱ་བྱས་པ་དང་། སི་ཁྲོན་དང་ཁྲུང་ཆིང་སོགས་ས་ཁུལ་གྱི“འགོ་ཁྲིད་གཙོ་བོས”ཚད་མཐོའི་མཐོང་ཆེན་དང་། རང་འགུལ་ངང་གནོན་ཤུགས་ཆེ་རུ་བཏང་ནས་བྱ་སྤྱོད་སྤེལ་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་བ། ཀོང་ཏུང་གིས་“ཕྱོགས་གསུམ་གཞི་གཅིག་ཏུ་བསྡུས་པའི”ལམ་སྲོལ་བཙུགས་པ་དང་ཆ་འཕྲིན་མང་པོར་ཞིབ་འཇུག་དང་བརྡར་ཤ་གཅོད་རྒྱུ་ཟུང་འབྲེལ་བྱས་པ་བརྒྱུད།མངའ་ཁོངས་ཕྱིར་བྲོས་བྱོལ་དུ་ཕྱིན་པའི་དཔལ་འབྱོར་ཉེས་གསོག་དོགས་ཅན་མང་དག་ཅིག་འཛིན་བཟུང་བྱས་པ།ཧྲན་ཏུང་གིས་བྲོས་བྱོལ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ཕུགས་ཕན་ལམ་སྲོལ་འཚོལ་ཞིབ་བྱས་ནས་བཙུགས་ཏེ“མངའ་ཁོངས་ཕྱིར་བྲོས་བྱོལ་དུ་འགྲོ་མཁན་དཔལ་འབྱོར་ཉེས་གསོག་དོགས་ཅན་གཅིག་ཀྱང་མེད་པའི་གྲོང་ཁྱེར”གཏོད་པའི་བྱེད་སྒོ་ཧུར་ཐག་སྤེལ་བ་བཅས་རེད།
           སྤྱི་བདེ་པུའི་འབྲེལ་ཡོད་འགན་འཁུར་མི་སྣས་མངའ་ཁོངས་ཕྱིར་བྲོས་བྱོལ་དུ་ཕྱིན་པའི་དཔལ་འབྱོར་ཉེས་གསོག་དོགས་ཅན་གྱིས་ཟླ་12ཚེས་1ཉིན་གྱི་མཐའ་མའི་དུས་ཚད་དེ་དམ་འཛིན་བྱས་ནས་གང་མགྱོགས་རང་ཉེས་ངོས་ལེན་ཞུ་དགོས་པ་དང་། རང་ཉེས་ངོས་ལེན་ཞུ་མཁན་ལ་ཁྲིམས་ལྟར་ཆད་པ་ཡང་དུ་གཏོང་རྒྱུ་དང་། ཉེས་པ་ཅུང་ཆུང་བར་ཁྲིམས་ལྟར་ཉེས་ཆད་ཆག་ཡང་བཏང་ཆོག དེའི་རིང་རང་ཉེས་ངོས་ལེན་མི་ཞུ་མཁན་ལ་སྤྱི་བདེ་པུས་ནུས་ཤུགས་གང་ཡོད་བཏོན་ནས་དེ་འཛིན་བཟུང་བྱས་ཏེ་ཁྲིམས་ལྟར་ཁྲིམས་བཅད་ནན་པོ་གཅོད་རྒྱུ་རེད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།