འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེས་ཚེས་21ཉིན་གྲོས་ཁང་འོག་མ་མེད་པ་བཟོས་
    ནས་འདེམས་བསྐོ་ཆེ་མོ་སྔ་སྣུར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་20ཉིན། 09:43】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
       18ཉིན་རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེས་ཅིང་སན་གྱིས་ཚེས་21ཉིན་གྲོས་ཁང་འོག་མ་མེད་པ་བཟོས་ནས་འདེམས་བསྐོ་ཆེ་མོ་སྔ་སྣུར་བྱ་རྒྱུ་དང་། གལ་སྲིད་འདེམས་བསྐོ་ལམ་ལྷོངས་མ་བྱུང་ཚེ་སྲིད་ཁྲི་ལས་འབབ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
           ཨན་པེས་ཉིན་དེའི་དགོང་མོར་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཀྱི་ཚོགས་འདུའི་ཐོག་གྲོས་ཁང་འོག་མ་མེད་པ་བཟོ་རྒྱུའི་ཐག་གཅོད་དང་སྦྲགས་འཛད་སྤྱོད་ཁྲལ་འབོར་10%སྤར་རྒྱུའི་འཆར་གཞི་དེ་སྔོན་མ་2015ལོའི་ཟླ་10ཚེས་1ཉིན་གཏན་འཁེལ་བྱས་པ་2017ལོའི་ཟླ་4ཚེས་1བར་ནར་འགྱངས་བྱ་རྒྱུའི་ཁྱབ་བསྒྲགས་ཀྱང་བྱས་པ་རེད།
           ཨན་པེས་ཁྲལ་འབབ་སྲིད་ཇུས་གལ་ཆེན་ལ་འགྱུར་བ་གཏོང་བ་ནི་རྒྱལ་དམངས་ཀྱི་འཚོ་བ་དང་རྒྱལ་དམངས་ཀྱི་དཔལ་འབྱོར་དང་འབྲེལ་བའི་དོན་ཆེན་ཞིག་ཡིན་པར་བརྟེན་འཛད་སྤྱོད་དཔྱ་ཁྲལ་མཐོ་རུ་གཏོང་བར“དམངས་ཀྱི་འདོད་པར་བསྟུན་དགོས་པས”ཚེས་21ཉིན་གྲོས་ཁང་འོག་མ་མེད་པ་བཟོས་ཏེ་འདེམས་བསྐོ་ཆེ་མོ་སྔ་སྣུར་བྱ་རྒྱུའི་ཐག་བཅད་པ་ཡིན་ཞེས་གསུངས།
           2012ལོའི་ཟླ་12ཉིན་གྱི་གྲོས་ཁང་འོག་མའི་འདེམས་བསྐོའི་ནང་།ཨན་པེས་དབུ་ཁྲིད་པའི་རང་དབང་དམངས་གཙོ་ཏང་ལ་རྒྱལ་ཁ་ཆེན་པོ་ཐོབ་ནས་ད་བར་གྲོས་ཁང་འོག་མ་ཧྲིལ་པོར་གདན་ཐོག་480ནང་294ཟིན་ནས་ཕྱེད་ཀ་ཡན་ལོན་ཡོད།གྲོས་ཁང་འོག་མ་ནི་རི་པིན་གྱི་དབུ་བཞུགས་བློན་ཆེན་གྱིས་མིང་འདོན་བྱས་ནས་ཐོན་རྒྱུ་ཡིན་ཞིང་། རི་པིན་གྱི་རྩ་ཁྲིམས་ཀྱི་འབྲེལ་ཡོད་དོན་ཚན་གྱི་འགྲེལ་བཤད་ལྟར་ན་དབུ་བཞུགས་བློན་ཆེན་ལ་གྲོས་ཁང་འོག་མ་མེད་པ་བཟོ་དབང་ཡོད་པ་དང་། རི་པིན་གྱི་གྲོས་ཁང་འོག་མའི་གྲོས་མིས་སྐབས་རིམ་བྱོན་ནང་འགན་ལོ་4འཁུར་ཆོག མ་གཞི་སྐབས་འདིའི་གྲོས་ཁང་འོག་མའི་གྲོས་མིའི་སྔོན་གཏན་འཁེལ་བའི་འགན་འཁུར་ཡུན་ནི་2012ལོའི་ཟླ་12ནས་2016ལོའི་ཟླ་12བར་ཡིན་ཡང་།གྲོས་ཁང་འོག་མ་སྐབས་གསར་པ་ཐོན་རྗེས་གྲོས་མིའི་ལས་འགན་འཁུར་ཡུན་2018ལོའི་ཟླ་12བར་དུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།