འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ཞིང་ཕན་ཞབས་ཞུ་མགོ་མཇུག་གཙང་སྒྲིལ་བྱས་པས་འབྲུ་རིགས་ཐོན་
    འབབ་ལོ་ལྔ་བསྟུད་མར་འཕར་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་20ཉིན། 09:31】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་11ཚེས་18ཉིན་གློག་འཕྲིན་འབྱོར་གསལ།“ན་ནིང་ནས་མུའུ་རེར་ཐོན་འབབ་རྒྱ་མ་395ཙམ་བྱུང་བ་དང་འདི་ལོ་མུའུ་རེར་རྒྱ་མ་200མང་དུ་ཕྱིན་ནས་ཞིང་ནང་དུ་འབྲུ་རིགས་སྤུངས་པ་དེ་དག་ནམ་ཞིག་ཁྱིམ་དུ་དབོར་ཐུབ་བམ།དེ་དག་ཚང་མ་ནི་ཁྱེད་ཚོས་རིན་མེད་ངང་ང་ཚོར་ས་བོན་གསར་པ་སྤྲད་པ་ལས་བྱུང་བ་ཞིག་ཡིན”ཞེས་རྫོང་ཞིང་འབྲོག་ཅུས་ཀྱི་ལས་བྱེད་པ་ཤང་དུ་ཡོང་བ་མཐོང་སྐབས་བོད་ལྗོངས་སྟོད་ལུང་བདེ་ཆེན་རྫོང་བདེ་ཆེན་གྲོང་ཚོའི་གྲོང་མི་དགེ་ལེགས་ཀྱིས་དགའ་ཚོར་ཆེན་པོས་བཤད་པ་དང་།ཁོང་དང་གྲོང་མི་ཚོས་འཚང་ཁ་ཤིག་ཤིག་ངང་ལས་བྱེད་པ་ཚོར་མཇལ་དར་བསྒྲོན་ནས་འབབ་འཕར་གྱི་སྤྲོ་སྣང་གླེང་།
          སྟོན་བསྡུ་མཇུག་འགྲིལ་རྗེས་དགེ་ལེགས་དང་འདྲ་བར་བོད་ཀྱི་ཞིང་པ་མང་པོ་ཞིག་འབབ་འཕར་གྱི་དགའ་སྣང་ལ་རོལ་ཞིང་།བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གི་གྲངས་གཞི་ལས་2014ལོར་བོད་ཀྱི་འབྲུ་རིགས་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་252.37ཟིན་པ་དང་ཐོན་འབབ་དེ་2009ལོའི་ཏུན་ཁྲི་90.53ནས་འདི་ལོའི་ཏུན་ཁྲི་98.5བར་འཕར་ཏེ་ལོ་ལྔ་བསྟུད་མར་འཕར་རྒྱུ་མངོན་འགྱུར་བྱུང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།