འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཕྱོགས་མི་འཕེལ་རྒྱས་སྐོར་གྱི་སྙན་ཞུའི་ནང་རྒྱལ་ཡོངས་སུ་ཕྱོགས་མི་དུང་ཕྱུར་
    2.45ཡོད་ལུགས་འཁོད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་20ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        ཟླ་11ཚེས་18ཉིན་རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས་༼ཀྲུང་གོའི་ཕྱོགས་མི་འཕེལ་རྒྱས་ཀྱི་2014ལོའི་སྙན་ཞུ་༽ཁྱབ་བསྒྲགས་བྱས་ཤིང་། སྙན་ཞུའི་ནང་2013ལོའི་ལོ་མཇུག་ཏུ་སླེབས་སྐབས་རྒྱལ་ཡོངས་སུ་ཕྱོགས་མི་བསྡོམས་དུང་ཕྱུར་2.45ཡོད་པ་དང་། དེས་མི་འབོར་བསྡོམས་གྲངས་ཀྱི་དྲུག་ཆ་གཅིག་ཡན་བཟུང་ཡོད་ལུགས་འཁོད་ཡོད་པ་རེད།
          རྒྱལ་ཁབ་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་ཕྱོགས་མི་སིའི་སི་ཀྲང་ཝང་ཆན་གྱིས་དེ་ནི་རང་རྒྱལ་གྱིས་ཕྱོགས་མི་འཕེལ་རྒྱས་ཀྱི་སྙན་ཞུ་བསྟུད་མར་ཡོངས་བསྒྲགས་བྱེད་ཐེངས་ལྔ་པ་དེ་རེད། སྙན་ཞུའི་ནང་གཙོ་བོ་2013ལོར་རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གིས་སྒྲིག་འཛུགས་བྱས་པའི་རྒྱལ་ཡོངས་ཀྱི་ཕྱོགས་མིར་སྒུལ་ཚུལ་རྣམ་པའི་ལྟ་ཞིབ་ཚད་ལེན་དང་བརྟག་དཔྱད་བྱས་པའི་གྲངས་གཞིར་གཞིགས་ནས། ཕྱོགས་མིའི་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཞབས་ཞུ་དོ་དམ་གཙོ་གནད་དུ་བྱས་ཏེ་ཕྱོགས་མི་གནས་སྤོ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དང་། ཕྱོགས་མིའི་འཚོ་གནས་འཕེལ་རྒྱས་དང་སྤྱི་ཚོགས་མཉམ་འདྲེས། ཕྱོགས་མིའི་གཞི་རྩའི་སྤྱི་པའི་ཞབས་ཞུ། ཕྱོགས་མིའི་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཞབས་ཞུ་དང་དོ་དམ། ཕྱོགས་མིའི་བུ་བཙའ་སོགས་ཐད་དབྱེ་ཞིབ་དང་དཔྱད་བསྡུར་བྱས་ཡོད་ཅེས་གསུངས་པ་རེད།
           སྙན་ཞུའི་ནང་བསྟན་དོན། རྒྱལ་ཡོངས་སུ་ཕྱོགས་མི་བསྡོམས་དུང་ཕྱུར་2.45ཡོད་པ་དང་། ཕྱོགས་མིའི་སྤྱི་ཡོངས་ཀྱི་འཕེལ་ཕྱོགས་ཐད་འགྱུར་ལྡོག་བྱུང་མེད་པ་དང་། ལྷག་པར་དུ་གྲོང་ཁྱེར་ཆེས་ཆེ་གྲས་ཀྱི་མི་འབོར་འདུས་སྡོད་ཀྱི་རྣམ་པ་ད་དུང་མུ་མཐུད་འཕེལ་བཞིན་ཡོད། ངལ་རྩོལ་ལོ་ཚད་སླེབས་པའི་ཕྱོགས་མིའི་ཆ་སྙོམས་ལོ་ཚད་སྔར་བས་མཐོ་རུ་སོང་ནས་ཕ་མ་དང་མཉམ་དུ་སྡོད་པའི་བུ་ཕྲུག་གི་བསྡུར་གྲངས་ཆེ་རུ་སོང་ཡོད། 2013ལོར་ངལ་རྩོལ་ལོ་ཚད་སླེབས་པའི་ཕྱོགས་མིའི་ཆ་སྙོམས་ལོ་ཚད་དེ་2011ལོའི་ལོ་33.1ནས་ལོ་33.7བར་མཐོ་རུ་སོང་བ་དང་། ལོ་6ནས་ལོ་15བར་གྱི་ཕྱོགས་མིའི་བུ་ཕྲུག་ཕ་མ་དང་མཉམ་དུ་སྡོད་པའི་བསྡུར་གྲངས་2013ལོར་62.5%ཟིན་ནས་2011ལོ་ལས་བརྒྱ་ཆའི་གྲངས་5.2འཕར་ཡོད་པ་རེད།
          སྙན་ཞུའི་ནང་ད་དུང་བསྟན་དོན།རང་རྒྱལ་གྱི་ཕྱོགས་མིའི་གཉེན་སྒྲིག་བུ་བཙའི་ལོ་ཚད་ཕྱིར་འགྱངས་བྱུང་ནས་བུ་བཙའི་ལོ་ཚད་སླེབས་པའི་ཕྱོགས་མི་བུད་མེད་ས་ཆ་གཞན་དུ་མངལ་འཁོར་བ་དང་བུ་བཙའི་བསྡུར་གྲངས་མཐོ་རུ་ཕྱིན་ཡོད། 2012ལོར་ཕྱོགས་མི་བུད་མེད་ཀྱི་ཐོག་མའི་གཉེན་སྒྲིག་གི་ཆ་སྙོམས་ལོ་ཚད་23.7དང་ཐོག་མའི་བུ་བཙའི་ཆ་སྙོམས་ལོ་ཚད་25.5ཡིན་པ་དེ་2000ལོ་ལས་ལོ་1.3དང་ལོ་1.6སོ་སོར་འཕར་བའི་ནང་ཐེམ་ཐོ་གྲོང་གསེབ་ནས་ཡིན་པའི་ཕྱོགས་མི་བུད་མེད་ཀྱི་ཐོག་མའི་གཉེན་སྒྲིག་གི་ཆ་སྙོམས་ལོ་ཚད་1.7མཐོ་རུ་དང་ཐོག་མའི་བུ་བཙའི་ཆ་སྙོམས་ལོ་ཚད་1.4མཐོ་རུ་སོང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།