འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།༼མཚོ་ལྷོའི་རྩོམ་རིག་༽ལ་མཚོ་སྔོན་ཞིང་ཆེན་སྐབས་བཞི་བའི་ཕུལ་བྱུང་རྩོམ་རིག་དུས་དེབ་
    ཀྱི་གཟེངས་རྟགས་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་10ཉིན། 09:24】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།༼མཚོ་ལྷོའི་རྩོམ་རིག་༽ལ་མཚོ་སྔོན་ཞིང་ཆེན་སྐབས་བཞི་བའི་ཕུལ་བྱུང་རྩོམ་རིག་དུས་དེབ་
ཀྱི་གཟེངས་རྟགས་ཐོབ་པ།
        མི་དདམངས་དྲ་བའི་འཕྲིན། ཟླ་༩བའི་ཚེས་༣༠ཉིན། མཚོ་སྔོན་ཞིང་ཆེན་དུས་དེབ་མཉམ་འབྲེལ་ཚོགས་པས་སྐབས་བཞི་བའི་ཕུལ་བྱུང་རྩོམ་རིག་དུས་དེབ་དང་ཕུལ་བྱུང་རྩོམ་རིག་རྩོམ་སྒྲིག་དཔྱད་འདེམ་གྲོས་ཚོགས་བསྡུས་ཤིང་། དཔྱད་འདེམ་ཚོགས་པའི་འགོ་གཙོ་བན་གོ་སོགས་འབྲེལ་ཡོད་མི་སྣ་དག་ཐེངས་འདིའི་གྲོས་ཚོགས་སུ་ཞུགས་པ་དང་། དཔྱད་འདེམ་ཚོགས་པས་དྲང་བདེན་དང་འདྲ་མཉམ་གྱི་རྩ་དོན་ལྟར་རྩོམ་རིག་དུས་དེབ་༼མཚོ་ལྷོའི་རྩོམ་རིག་༽(མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲིག)དང་༼གསེར་དངུལ་ཐང་རྩོམ་རིག་༽(མཚོ་བྱང་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲིག)གཉིས་ནི་སྐབས་བཞི་བའི་ཕུལ་བྱུང་རྩོམ་རིག་དུས་དེབ་དང་། རྩོམ་སྒྲིག་པ་གསུམ་ཕུལ་བྱུང་རྩོམ་རིག་རྩོམ་སྒྲིག་པར་བདམསཔ་རེད། ༼མཚོ་སྔོན་པོ་ལས་དྲངས།༽
      

    ཕྱོགས་བསྡུས་གསར་འགྱུར།