འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་དང་པོའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་
    ཚོགས་ལྷ་སར་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་28ཉིན། 07:48】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།སྐབས་དང་པོའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་
ཚོགས་ལྷ་སར་འཚོགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་༩ཚེས་༢༥ཉིན་རྒྱལ་ཁབ་རིག་གནས་པུའུ་དང་། རྒྱལ་ཁབ་ཡུལ་སྐོར་ཅུས། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་གནང་བའི་སྐབས་དང་པོའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་ལྷ་ས་གྲོང་ཁྱེར་དུ་འགོ་ཚུགས་ཤིང་། ནེ་པ་ལའི་ཙུང་ཐུང་གཞོན་པ་ཕ་མྰ་ན་ཏེ་ཅ་ཨ་དང་སྐབས་བཅུ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་རག་སྡིས་སོགས་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་༣༦༥ལྷག་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།
         ངོ་སྤྲོད་ལྟར་ན། ཐེངས་འདིའི་འགྲེམས་ཚོགས་ནི་བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་སྤྱིའི་རང་བཞིན་གྱི་ཡུལ་སྐོར་རིག་གནས་འགྲེམས་ཚོགས་གཉེར་ཐེངས་དང་པོ་ཡིན་ཞིང་། མི་ཡུལ་གྱི་གནས་མཆོག  མཁའ་དབྱིངས་ཀྱི་བོད་ལྗོངས་ཞེས་པ་འགྲེམས་སྟོན་གྱི་བརྗོད་དོན་གཙོ་བོར་བྱས་ཡོད། འགྲེམས་སྟོན་གྱིས་རིག་གནས་གླེང་སྟེགས་དང་། དཔལ་འབྱོར་ཉོ་ཚོང་ངོ་འཕྲད་གྲོས་མོལ་སོགས་བརྒྱུད་དེ་ད་ཆའི་བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཡར་ཐོན། མི་རིགས་མཐུན་སྒྲིལ། ཞི་མཐུན་བརྟན་ལྷིང་། སྒྱུར་བཅོས་སྒོ་དབྱེ། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་རྣམ་པ་གསར་པ་གང་ལེགས་མངོན་ཡོད་པ་རེད།
    ༄༅།།སྐབས་དང་པོའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་
ཚོགས་ལྷ་སར་འཚོགས་པ།
      

    ཕྱོགས་བསྡུས་གསར་འགྱུར།