འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།གོམས་གཤིས་ངན་པས་མཛེས་ལྗོངས་བཙོག་པ་བཟོ་མི་ཉན།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་10ཉིན། 09:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་ཁོར་ཡུག་འཕྲོད་བསྟེན་བཟོ་པས་གད་སྙིགས་ཏུན་༣.༥གཙང་ཕྱགས་བྱས་པ་དང་། ཧྲེན་ཀྲེན་མཛེས་ལྗོངས་ག་གེ་མོ་ཞིག་ཏུ་རྫ་དཀར་གྱིས་བཟོས་པའི་མི་ཆུང་ཡུལ་སྐོར་བས་འཁྱེར་ནས་ཁ་ཤས་ལས་ལྷག་མེད་པ། ཀུའེ་ལིན་གྲོང་ཁྱེར་གྱི་སྤྱི་གླིང་དུ་མི་མང་པོ་ཞིག་གིས་ཁྲ་ཆིལ་ཆིལ་དུ་བཞད་པའི་སྐལ་བཟང་མེ་ཏོག་བརྫིས་ནས་པར་རྒྱག་པ་སོགས་ཡུལ་སྐོར་བ་ཁ་ཤས་ཀྱི་ཡ་རབས་དང་བྲལ་བའི་སྤྱོད་ངན་གྱིས་མཛེས་སྡུག་ལྡན་པའི་མཛེས་ལྗོངས་བཙོག་པ་བཟོས་འདུག
         “ཡ་རབས”དང་བྲལ་བའི་སྤྱོད་ངན་དེ་དག་མཛེས་ལྗོངས་ཀྱི་གནོད་འཚེ་ཆེན་པོ་ཞིག་ཏུ་གྱུར་ཅིང་། ཡུལ་སྐོར་བ་ལ་ལའི་ཡ་རབས་དང་བྲལ་བའི་སྤྱོད་ངན་སྨྱན་སྦྱོར་དང་དྲ་གྲོགས་ཀྱིས་དམར་རྗེན་དུ་བཏོན་པར་བརྟེན་མི་རྣམས་ཀྱིས་འཁང་ར་བྱེད་པའི་བྱ་བར་གྱུར། གོམས་གཤིས་ངན་པ་དེ་དག་ལ་ང་ཚོས་སྐྱོན་བརྗོད་བྱེད་དགོས་ལ། ལོ་མང་སྐྱོན་བརྗོད་བྱས་ཀྱང་ད་དུང་བྱ་སྤྱོད་དེ་རིགས་མུ་མཐུད་ཐོན་བཞིན་པར་དེ་བས་བསམ་གཞིག་བྱེད་དགོས།
         ཡ་རབས་ངང་ཡུལ་སྐོར་བྱ་རྒྱུ་དེ་ནི་སྤྱི་ཚོགས་ཀྱི་དོ་དམ་དང་ཡུལ་སྐོར་བའི་བྱང་ཚད་ལ་ཚོད་བགམ་བྱེད་པའི་ཐུན་མོང་གི“རྒྱུགས་ཤོག་”ཅིག་ཡིན། ལོ་དེ་དག་ནང་དངོས་པོའི་འཚོ་བའི་ཆུ་ཚད་མགྱོགས་མྱུར་ལེགས་སུ་ཕྱིན་པར་བརྟེན་དུས་ཆེན་གྱི་ངལ་གསོའི་དུས་ཚོད་དུ་ཡུལ་སྐོར་བ་ཇེ་མང་དུ་སོང་བ་དེས་མཛེས་ལྗོངས་ཀྱི་དོ་དམ་དང་ཞབས་ཞུའི་ཆུ་ཚད་ལ་བླང་བྱ་དེ་བས་ནན་པོ་དགོས་པ་དེ་སྲིད་གཞུང་དོ་དམ་སྡེ་ཚན་གྱིས་ཤེས་རྟོགས་ཐུབ་པ་བྱེད་དགོས། ཡུལ་སྐོར་མཛེས་ལྗོངས་གནས་ཁ་ཤས་ཀྱི་དོ་དམ་ཆུ་ཚད་རྗེས་སུ་ལུས་པ་དང་། གད་སྙིགས་བླུགས་ས་དང་། གསང་སྤྱོད། ཟ་ཁང་སོགས་སྤྱི་པའི་འཕྲོད་བསྟེན་སྒྲིག་ཆས་མི་འདང་བ་དེས་ཡུལ་སྐོར་བས་གད་སྙིགས་གང་བྱུང་དུ་དབྱུགས་པ་དང་བཙོག་གཅིན་གང་བྱུང་དུ་གཏོང་བ་སོགས་ཀྱི་གནས་ཚུལ་ཐོན་བཞིན་ཡོད། གནས་ཚུལ་དེ་དག་ལ་དམིགས་ནས་དོ་དམ་སྡེ་ཚན་གྱིས་ཕྱིས་སུ་མུ་མཐུད་ཐག་གཅོད་བྱེད་དགོས་པ་ཞིག་རེད།
         འགག་རྩའི་གནད་དོན་ཞིག་ནི། རྒྱ་ཆེའི་ཡུལ་སྐོར་བས་ཡ་རབས་ངང་ཡུལ་སྐོར་བྱེད་པའི་འདུ་ཤེས་ཡོད་དགོས། ངལ་གསོའི་སྐབས་མིང་གྲགས་ཆེ་བའི་རི་ཀླུང་དང་། ལོ་རྒྱུས་གནའ་ཤུལ། ལྟ་ན་སྡུག་པའི་མཛེས་ལྗོངས་བཅས་ལ་ཡུལ་སྐོར་བྱེད་ཀྱི་ཡོད། འོན་ཀྱང་དངོས་འབྲེལ་གྱི་མཛེས་ལྗོངས་ནི་མི་དང་མཛེས་ལྗོངས་མཉམ་དུ་གྲུབ་པ་ཞིག་ཡིན། དོན་སྙིང་གཞན་ཞིག་གི་ངོས་ནས་བརྗོད་ན། ཡུལ་སྐོར་བའི་ཡ་རབས་སྤྱོད་ཚུལ་ནི་གཟུགས་མེད་ཀྱི“མཛེས་ལྗོངས”ཤིག་ཡིན་པ་དང་དེས་སྤྱི་ཚོགས་ཀྱི་ཡ་རབས་ཤེས་དཔལ་གྱི་གོམ་སྟབས་དང་འཕེལ་རྒྱས་དང་གྲུབ་འབྲས་ཀྱི་བསམ་པའི་འགྱུར་བ་མངོན་ཐུབ། དེར་བརྟེན་མཛེས་ལྗོངས་ལ་ལྟ་བ་དང་ཆབས་ཅིག་ཡུལ་སྐོར་བས“མཛེས་ལྗོངས་ལ་ལྟ་བའི”ཡ་རབས་ཀྱི་འདུ་ཤེས་དེ་བས་བཙུགས་ཏེ་མི་དང་མཛེས་ལྗོངས་ཞི་མཐུན་ཡོང་བ་བྱེད་དགོས། 
      

    ཕྱོགས་བསྡུས་གསར་འགྱུར།