འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་ཚན་རྩལ་བོད་སྐྱོར་གྱི་བོད་སྐྱོད་བྱེད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་10ཉིན། 09:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་དུས་ཡུན་ཉིན་༧རིང་གི་ཚན་རྩལ་བོད་སྐྱོར་གྱི་བོད་སྐྱོད་བྱེད་སྒོ་སྤེལ་ཞིང་། ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་བྱེད་སྒོ་ནི་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཚན་སློབ་སིའི་ཚན་རྩལ་བོད་སྐྱོར་གྱི་རིམ་སྤེལ་རྣམ་གྲངས་ཀྱི་གྲས་ཤིག་ཡིན་པ་དང་། བྱེད་སྒོའི་ནང་རང་སྐྱོང་ལྗོངས་ལུས་རྩལ་ཚན་རིག་སུའོ་འཕེལ་རྒྱས་དང་། ཚན་རྩལ་ཞབས་ཞུའི་ལུས་རྩལ་འགྲན་བསྡུར་དེ་བཞིན་བོད་ཀྱི་ཁྱད་ཆོས་ལྡན་པའི་མང་ཚོགས་ལུས་རྩལ་འཕེལ་རྒྱས། བོད་ཀྱི་ལུས་རྩལ་བྱ་གཞག་གི་“ལོ་ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་བསམ་ཕྱོགས། བོད་ཀྱི་ཕྱི་རོལ་ལུས་རྩལ་འཕེལ་རྒྱས་སོགས་འབྲེལ་ཡོད་བརྗོད་བྱ་གཙོ་བོར་ཆེད་དོན་འཆད་ཁྲིད་དང་ཞིབ་འཇུག་གྲོས་བསྡུར་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།