འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཡར་ཀླུང་གཙང་པོ་གྲོག་རོང་ཆེ་མོའི་རིག་གནས་ཡུལ་སྐོར་དུས་ཆེན་ཚེས་༡༨ཉིན་འགོ་
    ཚུགས་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་10ཉིན། 09:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སྐབས་བཅུ་པའི་ཡར་ཀྲུང་གཙང་པོ་གྲོག་རོང་ཆེ་མོའི་རིག་གནས་ཡུལ་སྐོར་དུས་ཆེན་དེ་སྤྱི་ཟླ་༡༠ཚེས་༡༨ཉིན་དངོས་སུ་འགོ་ཚུགས་རྒྱུ་ཡིན་ཞིང་། དུས་ཆེད་འདི་ཉིད་འགོ་འཛུགས་ས་བྱས་ནས་བོད་ལྗོངས་ཀྱི་སྟོན་དགུན་དུས་ཀྱི་ཡུལ་སྐོར་བ་མང་བའི་ཚ་རླབས་ཤིག་ཀྱང་འཆར་རྒྱུ་ཡིན་སྟབས། མིག་སྔར་གྲ་སྒྲིག་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།
         ཉིང་ཁྲི་ས་ཁུལ་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཝང་ཅུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཡང་ཀླུང་གཙང་པོ་གྲོག་རོང་ཆེ་མོའི་རིག་གནས་ཡུལ་སྐོར་དུས་ཆེན་ནི་བོད་ཀྱི་དུས་ཆེན་ཆེ་གྲས་གསུམ་གྱི་གྲས་ཤིག་ཡིན་པ་དང་མིག་སྔར་སྐབས་དགུ་པ་བདེ་བླག་ངང་གཉེར་བ་རེད། ད་ལོའི་ཡར་ཀླུང་གཙང་པོ་གྲོག་རོང་ཆེ་མོའི་རིག་གནས་ཡུལ་སྐོར་དུས་ཆེན་དེ་སྐབས་སྔོན་མ་དག་དང་བསྡུར་ན་བྱེད་སྒོའི་དུས་ཚོད་རིང་ཙམ་ཡོད་པ་དེ་ཡིན་པ་སྟེ། ཟླ་བཅུ་པ་ནས་ཟླ་བཅུ་གཅིག་བར་སྤེལ་རྒྱུ་ཡིན་པ་དང་། འཛམ་གླིང་གི་གྲོག་རོང་ཆེ་མོ་ཨང་དང་པོ་དེ་བརྟེན་སར་བྱས་ནས་ཡུལ་སྐོར་བ་ཚོར་ལྟ་ན་སྡུག་པའི་རང་བྱུང་སྐྱེ་དངོས་དང་ཐུན་མོང་མ་ཡིན་པའི་སྤྱི་ཚོགས་དང་རིག་གནས་ཀྱི་གོམས་སྲོལ་མངོན་པར་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།