འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་10ཉིན།
  • མི་དམངས་དྲ་བ།>>འཕྲིན་གསར་གཡུ་ཡི་མེ་ལོང་།

    ༄༅།།ཡར་ཀླུང་གཙང་པོ་གྲོག་རོང་ཆེ་མོའི་རིག་གནས་ཡུལ་སྐོར་དུས་ཆེན་ཚེས་༡༨ཉིན་
    འགོ་ཚུགས་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་10ཉིན། 09:18】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། སྐབས་བཅུ་པའི་ཡར་ཀྲུང་གཙང་པོ་གྲོག་རོང་ཆེ་མོའི་རིག་གནས་ཡུལ་སྐོར་དུས་ཆེན་དེ་ཟླ་10ཚེས་18ཉིན་དངོས་སུ་འགོ་ཚུགས་རྒྱུ་རེད། ཉིང་ཁྲི་ས་ཁུལ་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཝང་ཅུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཡར་ཀླུང་གཙང་པོ་གྲོག་རོང་ཆེ་མོའི་རིག་གནས་ཡུལ་སྐོར་དུས་ཆེན་ནི་བོད་ལྗོངས་ཀྱི་དུས་ཆེན་ཆེ་གྲས་གསུམ་གྱི་གྲས་ཤིག་ཡིན་པ་དང་མིག་སྔའི་བར་ཐེངས་བདེ་བླག་ངང་གཉེར། ད་ལོའི་ཡར་ཀླུང་གཙང་པོ་གྲོག་རོང་ཆེ་མོའི་རིག་གནས་ཡུལ་སྐོར་དུས་ཆེན་དེ་སྐབས་རིམ་བྱུང་དང་བསྡུར་ན་ཧེ་བག་ཆེ་ཤོས་ནི་བྱེད་སྒོའི་དུས་ཚོད་རིང་ཙམ་ཡོད་པ་ཡིན་ཞིང་། ཟླ་བཅུ་པ་ནས་ཟླ་བཅུ་གཅིག་བར་སྤེལ་རྒྱུ་མ་ཟད། འཛམ་གླིང་གི་གྲོག་རོང་ཆེ་མོ་ཨང་དང་པོ་དེ་བརྟེན་སར་བྱས་ནས་ཡུལ་སྐོར་བ་ཚོར་ལྟ་ན་སྡུག་པའི་རང་བྱུང་སྐྱེ་དངོས་དང་ཐུན་མོང་མ་ཡིན་པའི་སྤྱི་ཚོགས་དང་རིག་གནས་ཀྱི་གོམས་སྲོལ་མངོན་པར་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།