འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིས་ཅིན་ཕིང་གིས་མ་ལེ་ཞི་ཡའི་ཆེས་མཐོའི་འགོ་གཙོ་ཧ་ལི་མུའུ་ལ་མཇལ་འཕྲད་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་05ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ཞིས་ཅིན་ཕིང་གིས་མ་ལེ་ཞི་ཡའི་ཆེས་མཐོའི་འགོ་གཙོ་ཧ་ལི་མུའུ་ལ་མཇལ་འཕྲད་གནང་བ།
        མི་དམངས་དྲ་བའི་འཕྲིན། ཟླ་༩ཚེས་༤ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་མ་ལེ་ཞི་ཡ་རྒྱལ་ཁབ་ཀྱི་ཆེས་མཐོའི་འགོ་གཙོ་ཧ་ལི་མུའུ་ལ་མཇལ་འཕྲད་གནང་བ་རེད། 
         ཧ་ལི་མུའུ་ཡིས་ན་ནིང་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མ་ལེ་ཞི་ཡ་རྒྱལ་ཁབ་ལ་འཚམས་འདྲི་གནང་སྐབས་ཕུན་སུམ་ཚོགས་པའི་གྲུབ་འབྲས་ཐོབ་ནས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་བཏང་བ་རེད། ད་ལོའི་ཟླ་བ་༥པར་ཙུང་ལི་ན་ཅི་པུའུ་ཡིས་ཀྲུང་གོར་འཚམས་འདྲི་གནང་སྐབས་མ་ཀྲུང་ཕྱོགས་གཉིས་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་ཀྱི་རོགས་ཟླའི་འབྲེལ་བ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་ཐད་ངོས་འཛིན་གཅིག་མཐུན་གསར་པ་གལ་ཆེན་བྱུང་བར་ང་དགའ་སྤྲོ་ཆེན་པོ་བྱུང་། ངས་ད་རེས་ཀྱི་འཚམས་འདྲི་བྱས་པ་བརྒྱུད་ཀྲུང་གོར་རྒྱུས་ལོན་སྔར་ལས་ཟབ་པོ་བྱས་ཏེ་རྒྱལ་ཁབ་གཉིས་བར་གྱི་སྲོལ་རྒྱུན་མཛའ་བཤེས་སྔར་ལས་ཟབ་ཏུ་འགྲོ་བར་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།