འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཚོགས་འདུ་འཚོགས་ཏེ་བོད་ཀྱི་
    དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་སྲིད་ཇུས་ལ་ཞིབ་འཇུག་བྱས་པ། 

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་05ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
         མི་དམངས་དྲ་བའི་འཕྲིན། ཚེས་༣ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཚོགས་འདུ་འཚོགས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་སྲིད་ཇུས་ལ་ཆེད་མངགས་ཞིབ་འཇུག་བྱས་པ་རེད།
        ཏིང་ཡེ་ཤན་གྱིས་སྡེ་ཚན་ཁག་དང་ལྷག་པར་དུ་ཟིན་འགོད་ཚོགས་ཆུང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྲིད་ཇུས་ཞིབ་འཇུག་ལས་དོན་གྱི་དམིགས་བསལ་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་གཏན་ལ་ཕབ་པའི་མཛུབ་ཁྲིད་བསམ་བློ་དང་དམིགས་ཚད་བླང་བྱ་གཞིར་བཟུང་བ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་གསུམ་པའི་དགོངས་དོན་ནན་ཏན་ངང་ལག་བསྟར་དོན་འཁྱོལ་བྱེད་པ།“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་འཐབ་ཇུས་དགོངས་པ་དང་བོད་མུ་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང་བཅས་ཡོང་བ་བྱེད་དགོས་པའི་སྐོར་གྱི་མཛུབ་ཁྲིད་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། དེ་བཞིན“ཁྲིམས་ལྟར་བོད་བཅོས་སྐྱོང་དང་། ཡུན་རིང་བོད་འཛུགས་སྐྲུན། མི་སེམས་འགུགས་ཐབས། རྨང་གཞི་བརྟན་དུ་གཏོང་དགོས་པ”བཅས་སྐོར་གྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི་མཛུབ་སྟོན་བླང་བྱ་གལ་ཆེན་དང་སྲིད་ཇུས་བྱེད་ཐབས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་བཅས་ཀྱི་ཐོག་ཞིབ་འཇུག་སྔར་ལས་ལྷག་པ་བྱས་ཏེ་ཐབས་ལམ་ཚན་རིག་དང་མཐུན་པ་དང་། འཐབ་ཇུས་ཁ་གསལ་བ།དམིགས་ཚད་ཁ་གསལ་བ།བསམ་ཕྱོགས་གསར་པ། གཙོ་གནད་མངོན་གསལ་དོད་པ། ནང་དོན་ཕུན་སུམ་ཚོགས་པ། ཤུགས་ཚད་ཆེ་བ། ནང་ཚན་ཞིབ་ཅིང་ཕྲ་བ་བཅས་ཀྱི་སྲིད་ཇུས་མ་ལག་སྒྲོམ་གཞི་ཞིག་བཏོན་ནས་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།