འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲང་ཀའོ་ལི་ཡིས་པེ་ཅིན་ཐེན་ཅིན་ཧོ་པེ་གསུམ་ཐུན་མོང་དུ་འཕེལ་རྒྱས་གཏོང་བའི་
    འགོ་ཁྲིད་ཚོགས་ཆུང་གི་གྲོས་ཚོགས་ཐེངས་གསུམ་པ་གཙོ་སྐྱོང་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་05ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཟླ་༩ཚེས་༤ཉིན་པེ་ཅིན་ཐེན་ཅིན་ཧོ་པེ་གསུམ་ཐུན་མོང་དུ་འཕེལ་རྒྱས་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིན་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། པེ་ཅིན་ཐེན་ཅིན་ཧོ་པེ་གསུམ་ཐུན་མོང་དུ་འཕེལ་རྒྱས་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་བཅས་ཡིན་པའི་ཀྲང་ཀའོ་ལི་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། 
        གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་གི་པེ་ཅིན་ཐེན་ཅིན་ཧོ་པེ་གསུམ་ཐུན་མོང་དུ་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་གལ་ཆེན་གསུང་བཤད་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་པོ་བྱས་པ་དང་། རྒྱལ་ཁབ་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་པེ་ཅིན་ཐེན་ཅིན་ཧོ་པེ་གསུམ་ཐུན་མོང་དུ་འཕེལ་རྒྱས་གཏོང་བའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་སེང་ཉན་པ། པེ་ཅིན་ཐེན་ཅིན་ཧོ་པེ་གསུམ་གྱི་ས་ཁོངས་ཀྱི་ནུས་པ་གནས་ས་གཏན་འཁེལ་བྱེད་དོན་གྲོས་བསྡུར། པེ་ཅིན་ཐེན་ཅིན་ཧོ་པེ་གསུམ་གྱི་འགྲིམ་འགྲུལ་གཞི་གཅིག་ཏུ་འགྱུར་བ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། ཐོན་ལས་ཐུན་མོང་དུ་འཕེལ་རྒྱས་བཅས་བྱ་རྒྱུའི་གཙོ་གནད་ཁྱབ་ཁོངས་གསུམ་སྣེ་ཁྲིད་ཀྱིས་འགག་སྒྲོལ་ལས་སྒྲུབ་ཇུས་གཞི་དང་པེ་ཅིན་ཐེན་ཅིན་ཧོ་པེ་གསུམ་ཐུན་མོང་དུ་འཕེལ་རྒྱས་གཏོང་རྒྱུའི་བསྒྱུར་བཅོས་སྲིད་ཇུས་དང་བྱ་ཐབས་གལ་ཆེན་ལ་གྲོས་ཞིབ། དུས་རིམ་རྗེས་མའི་ལས་དོན་ཞིབ་འཇུག་གིས་བཀོད་སྒྲིག་བཅས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།