འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།རི་འགོག་གི་རླབས་ཆེའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ནས་སྔར་བས་
    མཛེས་སྡུག་ལྡན་པའི་བོད་ཀྱི་མ་འོངས་གསར་གཏོད་བྱེད་དགོས།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་05ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་3ཉིན་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་69འཁོར་བའི་དྲན་གསོའི་ཉིན་མོ་ཡིན་ཞིང་། གོང་ཚེས་ཉིན་གྱི་སྔ་དྲོ་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞིས་ཅིན་ཕིང་དང་། ལི་ཁེ་ཆང་།ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དྲན་གསོ་ཁང་དུ་ཕེབས་ནས་རྒྱལ་སའི་ལས་རིགས་ཁག་གི་འཐུས་མི་དང་ལྷན་དུ་རི་འགོག་དམག་འཁྲུག་གི་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་ཕུལ་བ་རེད། རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་གུས་བཀུར་གྱི་སེམས་པ་བཅངས་ནས་རྣམ་པ་མི་འདྲ་བའི་ཐོག་ནས་མེ་ཏོག་སི་ར་ཕུལ་བའི་མཛད་སྒོའི་གསར་འགྱུར་ལྟ་ཉན་བྱས་པ་དང་། ཚང་མས་ལོ་རྒྱུས་རྗེས་སུ་དྲན་པ་དང་། སྔོན་གཤེགས་དཔའ་བོར་རྗེས་དྲན་བྱེད་པ་ནི་རི་འགོག་དམག་འཁྲུག་གི་རླབས་ཆེའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་དོན་སྙིང་གལ་ཆེན་ལྡན་པས་ཧུར་སྐྱེད་སྟོབས་སྤེལ་དང་། གསར་འབྱེད་གསར་གཏོད། དམ་པ་དོན་གཉེར་བཅས་ཀྱིས་བོད་ཀྱི་སྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་བཅས་ཀྱི་ལས་དོན་ཁག་སྔར་བས་ཡག་པོ་དང་ཏན་ཏིག་བསྒྲུབས་ནས་སྔར་བས་མཛེས་སྡུག་ལྡན་པའི་བོད་ཀྱི་མ་འོངས་ཧུར་ཐག་བཏོད་དེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།
        “ད་རེས་རྒྱལ་ཁབ་ཀྱི་མིང་ཐོག་ནས་རྒྱལ་ཁབ་རིམ་པའི་རི་འགོག་དམག་འཁྲུག་གི་དྲན་གསོའི་སྒྲིག་བཀོད་དང་། རྗེས་ཤུལ། སྐད་གྲགས་ཡོད་པའི་རི་འགོག་གི་སྔོན་གཤེགས་དཔའ་བོའི་མིང་ཐོ་བཅས་ཁྱབ་བསྒྲགས་བྱས་པས་ང་ཚོས་དཔའ་ངར་ཞུམ་མེད་ངང་ལུས་ངག་ཡིད་གསུམ་ཕུལ་མཁན་་སྔོན་གཤེགས་དཔའ་བོར་སྔར་བས་དྲན་གསོ་དང་། ཁོང་ཚོས་བཞག་པའི་མི་ནུབ་པའི་བྱས་རྗེས་བློ་ལ་ངེས་ཏེ་དཔའ་བོའི་བྱས་རྗེས་སློབ་སྦྱོང་དང་དྲིལ་བསྒྲགས་དང་། རྒྱལ་གཅེས་རིང་ལུགས་ལྟེ་བར་གྱུར་པའི་རླབས་ཆེའི་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་རྒྱ་ཆེའི་མང་ཚོགས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་ཚོས་རི་པིན་ཧྥ་ཤི་སིའི་བཙན་འཛུལ་པས་བསགས་པའི་ནག་ཉེས་སྔར་བས་གསལ་པོ་ཤེས་པ་དང་། ཀྲུང་ཧྭ་མི་རིགས་ཀྱིས་བཙན་འཛུལ་འགོག་པ་དང་དཔའ་ངར་ཞུམ་མེད་ཀྱི་འགོག་རྒོལ་བྱེད་པའི་ལོ་རྒྱུས་ཤེས་རྟོགས་གཏིང་ཟབ་བྱས་ཏེ་མི་རབས་རྗེས་མ་རྣམས་ལ་རྒྱལ་ཁབ་ཀྱི་མཚན་ཤས་མི་བརྗེད་པ་དང་ཉེན་བརྡ་ཡུན་རིང་གཏོང་དགོས་པའི་དྲན་སྐུལ་བྱེད་དགོས”ཞེས་དན་བག་སློབ་ཆུང་གི་སྐད་ཡིག་དགེ་རྒན་ཀའོ་ཞང་གིས་བཤད།
        བོད་ལྗོངས་སློབ་ཆེན་རྩོམ་རིག་སློབ་གླིང་གི་ལོ་རིམ་གཉིས་པའི་སློབ་མ་མཚོ་མོས“དེང་རབས་ཀྱི་གཞོན་ནུ་ཞིག་ཡིན་པའི་ངོས་ནས་བཤད་ན། ང་ཚོ་ནི་མེས་རྒྱལ་གྱི་མ་འོངས་པ་ཡིན་པས་ད་ལྟའི་བརྟན་ལྷིང་མཐུན་སྒྲིལ་གྱི་རྣམ་པ་བཟང་པོར་དེ་བས་གཅེས་སྤྲས་དང་གསར་བརྗེའི་སྔོན་གཤེགས་དཔའ་བོའི་ཕུལ་བྱུང་གི་སྲོལ་རྒྱུན་རྒྱུན་འཛིན་བྱས་ཏེ་རླབས་ཆེན་གྱི་རི་འགོག་སྙིང་སྟོབས་དང‘བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས’དར་སྤེལ་བཏང་སྟེ། བསམ་བློར་སྦྱོང་བརྡར་དང་། སྤྱོད་བཟང་ཆགས་པ།སློབ་སྦྱོང་ལ་འབད་བརྩོན་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་བཏང་སྟེ་རྒྱལ་ཁབ་ཀྱི་རྐང་འཛིན་མི་སྣར་འགྱུར་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།
        དོན་དངོས་ཐོག་ནས་ང་ཚོས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ་བློ་མཐུན་ཞིས་ཅིན་ཕིང་གི་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོགཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས།ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བཅས་བྱས་ཚེ་གཞི་ནས་བོད་ཀྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། དམངས་འཚོ་ལེགས་གཏོང་། སྣོད་བཅུད་བཟང་བ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། མཐའ་མཚམས་སྲ་བརྟན་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་གོང་འཕེལ་གཏོང་ཐུབ་པ་ར་སྤྲོད་ཐུབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།