འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་
    བཞུགས་མོལ་ཚོགས་འདུ་འཚོགས་ནས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་
    འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་ བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་
    ལོ་69འཁོར་བར་དྲན་གསོ་ཞུས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་05ཉིན། 09:40】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་
བཞུགས་མོལ་ཚོགས་འདུ་འཚོགས་ནས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་
འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་ བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་
ལོ་69འཁོར་བར་དྲན་གསོ་ཞུས་པ།
       ཚེས་3ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་མི་དམངས་ཚོགས་ཁང་ཆེ་མོར་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱལ་ཁ་ཐོབ་ནས་ལོ་69འཁོར་བར་དྲན་གསོ་ཞུས་ཤིང་།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་ལོ་རྒྱུས་བསྐྱར་ལོག་བྱེད་ཐབས་མེད་པ་དང་འབྱུང་འགྱུར་གསར་གཏོད་བྱེད་ཆོགང་ཚོས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ནས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རླབས་ཆེན་གྱི་རྒྱལ་ཁ་ཐོབ་པར་དྲན་གསོ་ཞུ་བ་དེ་ནི་ལོ་རྒྱུས་བློ་ལ་ངེས་པ་དང་མ་འོངས་པར་ཉེན་བརྡ་བཏང་ཐོག་ཏང་ཡོངས་དང་།དམག་ཡོངས།རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་སྐུལ་སློང་བྱས་ནས་ལོ་རྒྱུས་ཀྱི་འགན་ལྕི་འཁུར་རྒྱུ་དང་།ཏང་ཡོངས་དང་།དམག་ཡོངས།རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་སྐུལ་སློང་བྱས་ཏེ་དེ་བས་སྙིང་སྟོབས་རབ་འཕེལ་གྱི་སྒོ་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཕྱིར་འབད་འཐབ་བྱ་རྒྱུ་དེ་ཡིན་ཞེས་ནན་བཤད་གནང་།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་བཞུགས་མོལ་ཚོགས་འདུར་ཕེབས་པ་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན་གྱིས་བཞུགས་མོལ་ཚོགས་དུ་གཙོ་སྐྱོང་གནང་བ་རེད།
        བཞུགས་མོལ་ཚོགས་འདུའི་ཐོག་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་།ཁོང་གིས་ལོ་དྲུག་ཅུ་རེ་དགུའི་གོང་གི་དེ་རིང་ཀྲུང་གོ་མི་དམངས་ཀྱིས་དཀའ་སྤྱད་ཚད་མེད་ཀྱིས་ཁྲག་བཏོན་དམར་འཛིང་བྱས་པ་བརྒྱུད་ངན་དགུ་གདུག་རྩུབ་ཆེ་བའི་རི་པིན་དམག་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་པ་ཕམ་ཉེས་བཏང་སྟེ་ཉེ་རབས་ཚུན་ཀྲུང་གོས་ཕྱིའི་དགྲ་བོའི་བཙན་འཛུལ་ལ་འགོག་རྒོལ་བྱེད་པའི་ཐད་རྒྱལ་ཁ་དང་པོ་དེ་བླངས་ཡོད།ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རླབས་ཆེན་རྒྱལ་ཁ་ཐོབ་པ་དེས་ཉེ་རབས་ཚུན་ཀྲུང་ཧྭ་མི་དམངས་ཉེན་ཁའི་རྣམ་པར་གནས་པ་ནས་རླབས་ཆེན་བསྐྱར་དར་གྱི་ཕྱོགས་སུ་བསྐྱོད་ཆེད་ལོ་རྒྱུས་ཀྱི་ཁ་ལོ་འགྱུར་མཚམས་གཏན་འཁེལ་བྱས་ཡོད།རླབས་ཆེན་གྱི་རྒྱལ་ཁ་དེ་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དེབ་ཐེར་དང་མིའི་རིགས་ཀྱི་ཞི་བདེའི་ལོ་རྒྱུས་དེབ་ཐེར་ནང་ཇི་སྲིད་བར་འཁོད་ངེས་ཡིན་ཞེས་གསུངས་པ་རེད།
        ཞིས་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་།ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་ཏེ་རི་འགོག་དམག་འཁྲུག་ནང་ཞུགས་མཁན་འཐབ་འཛིང་པ་རྒན་གྲས་དང་།རྒྱལ་གཅེས་མི་སྣ།རི་འགོག་དམག་དཔོན་བཅས་དང་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ལེན་ཆེད་ལོ་རྒྱུས་ཀྱི་བྱས་རྗེས་འཇོག་མཁན་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ལ་བླ་ན་མེད་པའི་གུས་འདུད་ཞུས་གནང་བ་མ་ཟད།ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་མཁན་ཕྱི་རྒྱལ་གྱི་སྲིད་གཞུང་དང་རྒྱལ་སྤྱིའི་གྲོགས་པོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཡང་ཞུས་གནང་བ་རེད།
        ཞིས་ཅིན་ཕིང་གིས་བསྟན་དོན།ལོ་ངོ་5000ལྷག་ཙམ་གྱི་ཤེས་དཔལ་ལོ་རྒྱུས་ལྡན་པའི་རླབས་ཆེན་མི་རིགས་ཤིག་ཡིན་པའི་ཀྲུང་ཧྭ་མི་རིགས་ཀྱིས་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སུབ་ཐབས་བྲལ་བའི་ལེགས་སྐྱེས་ཕུལ་ཡོད།ཉེ་རབས་སུ་སླེབས་རྗེས་བཙན་དབང་རྒྱལ་ཁབ་ཀྱི་བཙན་འཛུལ་དང་བཀས་བཀོད་རྒྱུད་འཛིན་དབང་སྒྱུར་པའི་རུལ་སུངས་དབང་གིས་ཀྲུང་གོ་རྗེས་ལུས་ཐེབས་ཤིང་།རིམ་གྱིས་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་སྤྱི་ཚོགས་སུ་གྱུར་ཡོད།ལྷག་པར་དུ་རི་པིན་དམག་རྒྱལ་རིང་ལུགས་ཀྱི་གདུག་རྩུབ་བཙན་འཛུལ་ཕོག་རྗེས་ཀྲུང་ཧྭ་མི་རིགས་རྒྱལ་སྟོངས་རྒྱུད་ཆད་ཀྱི་གནས་སུ་གྱར་ཡོད།རི་པིན་དམག་རྒྱལ་རིང་ལུགས་ཀྱི་གདུག་རྩུབ་བཙན་འཛུལ་ལ་ཀྲུང་གོ་མི་དམངས་ཀྱིས་དཔའ་ངར་ཆེན་པོས་འགོག་རྒོལ་བྱས་ཡོད།དགུ་གཅིག་བརྒྱད་དུས་འགྱུར་དེ་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་གི་འགོ་འཛུགས་སར་གྱུར་པ་དང་འབྲེལ་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལངས་འགོ་ཚུགས་ཡོད།བདུན་བདུན་དུས་འགྱུར་ནས་ཀྲུང་གོའི་མི་རིགས་ཡོངས་ཀྱི་རི་འགོག་དམག་འཁྲུག་འགོ་ཚུགས་པ་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཤར་ཕྱོགས་ཀྱི་འཐབ་ས་གཙོ་བོ་བཏོད་ཡོད།
        ཞིས་ཅིན་ཕིང་གིས་བསྟན་དོན།ཁྲག་དྲི་བྲོ་བའི་ལོ་ཟླའི་ནང་བཙན་འཛུལ་ལ་འགོག་རྒོལ་དང་རྒྱལ་ཁབ་སྐྱོབ་རྒྱུ་དེ་ཀྲུང་གོའི་ཏང་ཤོག་ཁག་དང་།མི་རིགས་ཁགགྲལ་རིམ་ཁགརིམ་གྲས་ཁགཚོགས་པ་ཁག་བཅས་དང་དེ་བཞིན་ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་བཅས་ཀྱི་ཐུན་མོང་བསམ་འདུན་ལ་གྱུར་ཡོད།ཀྲུང་གོ་གུང་ཁྲན་ཏང་གིས་སྲོལ་གཏོད་མཛད་པའི་གོ་གུང་མཉམ་ལས་ཀྱིས་རྨང་གཞི་བྱས་པའི་རི་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར་གྱི་དར་ཆའི་འོག་རྒྱལ་ཡོངས་མི་དམངས་ཚོས་ཞུམ་པ་མེད་པར་རི་པིན་བཙན་འཛུལ་པར་འགོག་རྒོལ་བྱེད་པའི་རླབས་རྒྱུན་ནང་ཞུགས་ཡོད།འཐབ་ཇུས་འགོག་སྲུང་ནས་འཐབ་ཇུས་རང་བཞིན་གྱི་བཟང་ཤན་མ་འབྱེད་པའི་བར་དང་།དེ་ནས་འཐབ་ཇུས་ཕར་རྒོལ་བར་འཕེལ་རྒྱས་ཕྱིན་པ་བཅས་མདུན་ཕྱོགས་ཀྱི་འཐབ་ས་དང་དགྲ་བོའི་རྒྱབ་ཕྱོགས་ཀྱི་འཐབ་ས་གང་ཞིག་ཏུའང་ཀྲུང་གོའི་མི་དམངས་ཀྱིས་དགྲ་ལ་མཉམ་སྡང་དང་།རྒྱལ་ཉེན་ཀུན་སྐྱོབ།དཔའ་ངར་ཆེར་སྐྱེད།རང་སྲོག་བློས་གཏོང་བཅས་ཀྱི་ཐོག་ནས་རི་ཀླུང་འགུལ་བའི་དཔའ་བོའི་རྒྱལ་ཁའི་གླུ་དབྱངས་བརྩམས་ཡོད།ལོ་བརྒྱད་ཀྱི་རྒྱལ་ཡོངས་ཀྱི་རི་འགོག་དམག་འཁྲུག་ནང་ཀྲུང་གོ་མི་དམངས་ཀྱིས་རི་པིན་བཙན་འཛུལ་པ་ཕམ་ཉེས་བཏང་བ་མ་ཟད།རི་པིན་དམག་རྒྱལ་རིང་ལུགས་རྦད་དེ་ཕམ་ཉེས་བཏང་བ་དང་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་མཐའ་མའི་རྒྱལ་ཁ་ཐོབ་པ་ཁྱབ་བསྒྲགས་བྱས་ཡོད།
        ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན།ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རླབས་ཆེན་རྒྱལ་ཁ་ཐོབ་པ་དེས་རི་པིན་དམག་རྒྱལ་རིང་ལུགས་ཀྱིས་ཀྲུང་གོར་མི་སེར་སྤེལ་ཡུལ་དང་བྲན་བཀོལ་བྱ་རྒྱུའི་ལྐོག་གཡོ་རྦད་དེ་ཐལ་བའི་རྡུལ་དུ་བརླགས་ནས།རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་སྲུང་སྐྱོང་བྱས་པ་མ་ཟད།ཉེ་རབས་ཚུན་ཕྱིའི་བཙན་འཛུལ་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ཡང་ཡང་ཕམ་པའི་མི་རིགས་ཀྱི་མཚན་ཤད་རྦད་དེ་མེད་པ་བཟོས་ཏེ་འཛམ་གླིང་ཐོག་གི་ཀྲུང་གོའི་རྒྱལ་ཁབ་ཆེན་པོའི་གནས་བབ་བསྐྱར་དུ་བཙུགས་པ་དང་འབྲེལ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་འབར་བའི་མདུན་ལམ་ཡང་བཏོད་ཡོད།
        ཞིས་ཅིན་ཕིང་གིས་བསྟན་དོན།ཀྲུང་གོས་དེ་སྔ་ང་མིན་ན་སུ་ཡིན་སྙམ་པའི་རི་པིན་དམག་རྒྱལ་རིང་ལུགས་ལས་རྣམ་པར་རྒྱལ་བ་དང་རྒྱལ་ཁ་ཐོབ་དོན་གཙོ་བོ་ནི་རྒྱལ་གཅེས་རིང་ལུགས་ཀྱིས་སྲོག་ཤིང་བྱས་པའི་མི་རིགས་སྙིང་སྟོབས་རླབས་པོ་ཆེ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་གཏན་འཁེལ་རང་བཞིན་གྱི་རྒྱུ་རྐྱེན་ཞིག་ཡིན་པ་དང་།ཀྲུང་གོ་གུང་ཁྲན་ཏང་གི་ཞུམ་མེད་ཀྱི་ཀ་རྟེན་ནུས་པ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་འགག་རྩ་ཡིན་པ།མི་རིགས་ཡོངས་ཀྱི་རི་འགོག་དམག་འཁྲུག་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་གལ་ཆེའི་མཆོག་ནོར་ཞིག་བཅས་ཡིན།ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དེ་ནི་མི་རིགས་ཡོངས་ཀྱི་རི་འགོག་དམག་འཁྲུག་གི་རྒྱལ་ཁ་ཞིག་དང་ཀྲུང་ཧྭ་བུ་ཕྲུག་ཡོངས་ཀྱི་གཟི་བརྗིད་ཅིག་ཡིན།
        ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན།ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་གི་བརྗིད་ཉམས་ལྡན་པའི་འཕེལ་རིམ་ཁྲོད་རླབས་ཆེན་གྱི་རི་འགོག་དམག་འཁྲུག་གི་སྙིང་སྟོབས་ཤིག་ཆགས་པ་དང་ཀྲུང་གོ་མི་དམངས་ཀྱིས་རྒྱལ་ཁབ་དར་རྒུད་ཇི་ཡོང་དེ།སྐྱེ་བོ་ཀུན་ལ་འགན་འཁྲི་ཡོད་པའི་རྒྱལ་གཅེས་ཀྱི་བརྩེ་སེམས་དང་།རང་སྲོག་བློས་གཏོང་བ་དང་ཤི་རྒྱུར་མི་སྐྲག་པའི་མི་རིགས་ཀྱི་སྙིང་སྟོབས།གཏུམ་བཙན་ལ་མི་སྐྲག་པ་དང་དམར་འཛིང་མཐའ་གཅིག་ཏུ་བྱེད་པའི་དཔའ་བོའི་སྙིང་སྟོབས།ཐེངས་བརྒྱ་ཕམ་ཡང་ཡིད་ཐང་མི་ཆད་པ་དང་བློ་བརྟན་འགྱུར་མེད་བྱས་ཚེ་རྒྱལ་ཁ་ཐོབ་ངེས་ཡིན་པའི་དད་སེམས་བཅས་འཛམ་གླིང་ལ་མངོན་ཡོད།རླབས་ཆེན་གྱི་རི་འགོག་དམག་འཁྲུག་གི་སྙིང་སྟོབས་ནི་ཀྲུང་གོ་མི་དམངས་ཀྱི་རྩ་ཆེའི་བསམ་པའི་རྒྱུ་ནོར་ཞིག་དང་ཀྲུང་གོ་མི་དམངས་ཀྱིས་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ཁྱད་བསད་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་ཆེད་འབད་འཐབ་ལ་སྐུལ་ལྕག་གཏོང་བའི་བསམ་པའི་སྒུལ་ཤུགས་ཆེན་པོ་ཞིག་ཡིན།
        ཞིས་ཅིན་ཕིང་གིས་བསྟན་དོན།ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་རིའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་གཞོལ་ནས་ཀྲུང་རིའི་ཆབ་སྲིད་ཡིག་ཆ་བཞིའི་རྨང་གཞིའི་ཐོག་ཀྲུང་རིའི་འབྲེལ་བ་ཡུན་རིང་དང་།བརྟན་ལྷིང་།སྐྱོན་བྲལ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།རི་པིན་དམག་རྒྱལ་རིང་ལུགས་ཀྱིས་བཙན་འཛུལ་ལོ་རྒྱུས་ལ་ལྟ་སྟངས་ཡང་དག་འཛིན་རྒྱུ་དང་རང་སྐྱོན་རང་བརྟག་གཏིང་ཟབ་བྱ་རྒྱུ་དེ་ནི་ཀྲུང་རིའི་འབྲེལ་བ་འཛུགས་རྒྱུ་དང་འཕེལ་རྒྱས་གཏོང་རྒྱུའི་ཆབ་སྲིད་ཀྱི་རྨང་གཞི་གལ་ཆེན་ཞིག་ཡིན།ཉེ་རབས་རྗེས་རི་པིན་དམག་རྒྱལ་རིང་ལུགས་ཀྱིས་བསླངས་པའི་བཙན་འཛུལ་དམག་འཁྲུག་གིས་ཀྲུང་གོ་མི་དམངས་དང་དེ་བཞིན་རྒྱ་ཆེའི་ཨེ་ཤེ་ཡའི་རྒྱལ་ཁབ་ཀྱི་མི་དམངས་ལ་སྐྱི་གཡའ་བ་མི་ཡུལ་དུ་མཐོང་མ་མྱོང་བའི་གོད་ཆག་ཆེན་པོ་བཟོས་ཡོད།དེ་དག་ཚང་མ་ནི་རྩོད་ཐབས་བྲལ་བའི་དོན་དངོས་ཤིག་ཡིན་པས་ཁས་མི་ལེན་ཐབས་མེད་ཅིག་ཡིན་ལ་རྩིས་མེད་དུ་གཏོང་མི་ཐུབ་པ་ཞིག་ཀྱང་ཡིན།ང་ཚོས་དེ་བས་ཆེ་བའི་ཆོད་སེམས་དང་འབད་བརྩོན་ལ་བརྟེན་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་མཐའ་གཅིག་ཏུ་སྲུང་སྐྱོབ་དང་།འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་བཙན་འཛུལ་གྱི་ལོ་རྒྱུས་ཁས་མི་ལེན་པ་དང་འཁྱོག་བཤད་བྱེད་པའི་གནས་ཚུལ་གཏན་ནས་ཐོན་དུ་འཇུག་གི་མིན།དམག་རྒྱལ་རིང་ལུགས་རོ་ལངས་རྒྱག་པའི་གནས་ཚུལ་གཏན་ནས་ཐོན་དུ་འཇུག་གི་མིན།ལོ་རྒྱུས་ཀྱི་སྐྱི་གཡའ་བའི་གནས་ཚུལ་བསྐྱར་དུ་གཏན་ནས་ཐོན་དུ་འཇུག་གི་མིན།
        ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན།དོན་དངོས་ནི་དོན་དངོས་རང་ཡིན།སྤྱི་ལུགས་ནི་སྤྱི་ལུགས་རང་ཡིན།དོན་དངོས་དང་སྤྱི་ལུགས་ཀྱི་མདུན་དུ་ཁུངས་མེད་ཧམ་བཤད་དང་དཀར་ནག་གོ་ལྡོག་གི་གཏམ་སྤྱོད་ཚང་མ་ནི་ངལ་བ་འབྲས་མེད་ཅིག་ཡིན།ནག་པོ་ནི་ནག་པོ་རང་ཡིན།བརྒྱ་བཤད་སྟོང་བཤད་བྱས་ཀྱང་དཀར་པོ་ལ་འགྱུར་མི་ཐུབ།དཀར་པོ་ནི་དཀར་པོ་རང་ཡིན།བརྒྱ་བཤད་སྟོང་བཤད་བྱས་ཀྱང་ནག་པོ་ལ་འགྱུར་མི་ཐུབ།དཀར་ནག་གོ་ལྡོག་གི་བྱེད་ཐབས་མཐའ་དག་ནི་རང་བསླུ་གཞན་བསླུའི་བྱ་བ་ཞིག་ཡིན།རི་པིན་ཕྱོགས་ཀྱིས་ལོ་རྒྱུས་དང་།མི་དམངས།འབྱུང་འགྱུར་བཅས་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་ཀྲུང་རིའི་མཛའ་གྲོགས་འབྲེལ་བ་སྲུང་སྐྱོང་དང་།ཨེ་ཤེ་ཡའི་ས་ཁུལ་གྱི་བརྟན་ལྷིང་དང་འཕེལ་རྒྱས་ལ་སྲུང་སྐྱོང་བྱེད་པའི་སྤྱི་ཡོངས་ལ་བསྟུན་ཏེ།གཟབ་ནན་གྱི་རྣམ་འགྱུར་ཐོག་ནས་ལོ་རྒྱུས་ཀྱི་གནད་དོན་ལ་བལྟ་སྟངས་ནན་པོ་འཛིན་པ་དང་ཐག་གཅོད་འོས་འཚམ་བྱས་ཏེ་ལོ་རྒྱུས་ཀྱི་བསླབ་བྱ་བློ་ལ་བརྟན་པོར་ངེས་ཏེ་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་དགོས།
        ཞིས་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་69སོང་ཚུན་ཀྲུང་གོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།ང་ཚོའི་འབད་འཐབ་དམིགས་ཚད་དང་།རྒྱལ་ཡོངས་མི་དམངས་རིམ་གྱིས་ཐུན་མོང་འབྱོར་ཕྱུགཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཀྲུང་གོའི་ཕུགས་འདུན་བཅས་མངོན་འགྱུར་བྱེད་པར་ངེས་པར་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་འཐབ་རྩོད་བྱ་རྒྱུའི་གྲ་སྒྲིག་ཡོད་དགོས།མདུན་སྐྱོད་འཐབ་ལམ་ཐོག་ངེས་པར་དུ་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་པ་དང་།བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་གཏོང་རྒྱུ་དེ་ཏང་གི་སྲིད་སྐྱོང་རྒྱལ་དར་གྱི་ལས་འགན་ཨང་དང་པོར་བརྩི་བ།བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ།བློ་བརྟན་འགྱུར་མེད་ངང་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
        ལིའུ་ཡུན་ཧྲན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་གི་རླབས་ཆེན་གྱི་ལོ་རྒྱུས་འཕེལ་རིམ་ལ་ཕྱོགས་ཡོངས་ནས་ཕྱིར་དྲན་གནང་བ་དང་།ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་རླབས་ཆེན་ལོ་རྒྱུས་ཀྱི་དོན་སྙིང་ལ་ཕྱོགས་སྡོམ་ཞིབ་ཕྲ་གནང་བ།ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་ལོ་རྒྱུས་ཀྱི་རྒྱུ་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་གནང་བ།ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་རླབས་ཆེན་གྱི་རི་འགོག་དམག་འཁྲུག་གི་སྙིང་སྟོབས་སྔར་བས་དར་སྤེལ་གཏོང་རྒྱུ།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་རྒྱུན་ཆད་མེད་པར་ལེན་རྒྱུ།ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་ཆེད་ཕྱོགས་ཡོངས་ནས་རྒྱས་བཤད་གནང་བ་བཅས་ལ་ཆབ་སྲིད་ཀྱི་རང་བཞིན་དང་།བསམ་བློའི་རང་བཞིན།མཛུབ་ཁྲིད་ཀྱི་རང་བཞིན།མངོན་ཡོད་དང་དམིགས་སའི་རང་བཞིན་བཅས་ཆེན་པོ་ལྡན་ཡོད།ངེས་པར་དུ་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས།ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་དང་།མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ།མི་རིགས་ཀྱི་གཟི་བརྗིད་བློ་ལ་ངེས་པ།མི་རིགས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ།མི་རིགས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱ་རྒྱུར་ཁྲིད་སྟོན་དང་སྐུལ་ལྕག་བྱས་ཏེ།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་དེ་བས་ཡངས་པའི་མདུན་ལམ་གཏོད་རྒྱུ་དང་།ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས་ཞེས་གསུངས་པ་རེད།
        བཞུགས་མོལ་ཚོགས་འདུའི་ཐོག་ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཆུས་ཆིང་ཧྲན་དང་།ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་བཅིངས་འགྲོལ་དམག་སྤྱི་ཁྱབ་ཆབ་སྲིད་པུའི་ཀྲུའུ་རེན་ཀྲང་དབྱང་།རི་འགོག་དམག་འཁྲུག་ནང་ཞུགས་མྱོང་མཁན་འཐབ་འཛིང་པ་རྒན་གྲས་ཀྱི་འཐུས་མི་ཝང་ཁྲེང་པིན།གཞོན་ནུ་སློབ་མའི་འཐུས་མི་དབྱང་ཙེ་ཆང་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་བ་རེད།
        ལིའུ་ཆི་པའོ་དང་།ཞུས་ཆི་ལེའང་།ཧྥན་ཁྲང་ལུང་།ལི་ཀྲན་ཧྲུའུ།ཀུའོ་ཅིན་ལུང་།དབྱང་ཅིང་།ཝང་ཁྲེན།ལི་ཧའེ་ཧྥུང་བཅས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།
        རི་འགོག་དམག་འཁྲུག་ནང་ཞུགས་མྱོང་མཁན་འཐབ་འཛིང་པ་རྒན་གྲས་དང་བློ་མཐུན་རྒན་གྲས་ཀྱི་འཐུས་མི་དང་།རི་འགོག་དམག་འཁྲུག་གི་སྔོན་གཤེགས་དཔའ་བོའི་གཉེན་ཉེའི་འཐུས་མི།ཀྲུང་དབྱང་ཏང་སྲིད་དམག་དམངས་བཅས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན།དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ།ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི།ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཆེད་ལེགས་སྐྱེས་ཕུལ་མཁན་རྒྱལ་སྤྱིའི་མཛའ་གྲོགས་ཀྱི་འདས་པོའི་གཉེན་ཉེའི་འཐུས་མི།རྒྱལ་སའི་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི་སོགས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།