འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་༢༠༡༤ལོའི་ཆེད་དོན་སློབ་སྦྱོང་ཚོགས་འདུ་
    ཐེངས་བཞི་པ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་05ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཚེས་༢ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་༢༠༡༤ལོའི་ཆེད་དོན་སློབ་སྦྱོང་གི་བརྙན་འཕྲིན་ཁ་པར་ཚོགས་འདུ་ཐེངས་བཞི་པ་གཙོ་སྐྱོང་གནང་བ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཞིབ་འཇུག་པ་ལིའུ་ཧྲི་ཅིན་གྱིས་གདན་ཞུས་ལྟར་《རང་རྒྱལ་གྱི་དཔལ་འབྱོར་དུས་ཡུན་རིང་འབྲིང་གི་འཕེལ་ཕྱོགས་དང་སྒྱུར་བཅོས་ཀྱི་འཐབ་ཇུས་》ཞེས་འགོ་བརྗོད་དུ་འཁོད་པའི་ཆེད་དོན་འཆད་ཁྲིད་གནང་བ་རེད།
        ཀྲུའུ་རེན་གཞོན་པ་ལིའུ་ཧྲི་ཅིན་གྱིས་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་ཉམས་མྱོང་། ཀྲུང་གོའི་དཔལ་འབྱོར་འཕར་བའི་དུས་མཚམས་ཀྱི་བརྗེ་སྒྱུར་དང་དེའི་མདུན་ལམ།སླད་ཕྱིན་དུས་སྐབས་ཤིག་རིང་གི་དཔལ་འབྱོར་གྱི་གྲུབ་ཆ་དང་འཕར་བའི་སྒུལ་ཤུགས་ཀྱི་འགྱུར་ལྡོགསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་དཔལ་འབྱོར་འཕར་ཚད་རྒྱུན་ཚུལ་གསར་པར་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ། ཀྲུང་གོའི་དཔལ་འབྱོར་ཡུན་རིང་འཕེལ་རྒྱས་གཏོང་བར་འཕྲད་པའི་འཐབ་ཇུས་རང་བཞིན་གྱི་གནད་དོན་གཉིས་སོགས་ཕྱོགས་ལྔའི་ཐད་ནས་རྒྱུན་ཚུལ་གསར་པའི་འོག་གི་རང་རྒྱལ་གྱི་སྤྱི་ཁོག་དཔལ་འབྱོར་གྱི་འཕེལ་ཕྱོགས་གསར་པ་དང་། ཁྱད་ཆོས་གསར་པ། སྒུལ་ཤུགས་གསར་པ་བཅས་རྒྱས་བཤད་གནང་བ་དང་དཔལ་འབྱོར་རིགས་སྒྱུར་རིམ་སྤོར་དང་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ཁྲོད་ཁོར་ཡུག་སྲུང་སྐྱོང་གི་ཐོན་ལས་དང་ལྗང་མདོག་འཕེལ་རྒྱས་ལ་འཕྲད་པའི་འགོ་འཛུགས་ས་གསར་པ་དང་གོ་སྐབས་གསར་པར་ཞིབ་དཔྱད་གནང་བ་རེད།
        སྙན་སེང་གསན་རྗེས་བློ་བཟང་རྒྱལ་མཚན་གྱིས་ཀྲུའུ་རེན་གཞོན་པ་ལིའུ་ཧྲི་ཅིན་གྱི་སྙན་སེང་ཉན་འདོད་ཆེ་ལ་གཏིང་ཟབ་པ་དང་གོ་རིམ་ལྡན་པ་ཞིག་ཡོད་པས་རང་རྒྱལ་གྱི་དེང་སྐབས་དང་སླད་ཕྱིན་དང་དེ་བཞིན་འབྱུང་འགྱུར་གྱི་དཔལ་འབྱོར་འཕེལ་ཕྱོགས་གནད་ལ་འཁེལ་བ་ཞིག་ཤེས་རྟོགས་བྱ་རྒྱུར་བློ་སྒོ་འབྱེད་པ་དང་རོགས་རམ་གལ་ཆེན་བྱེད་ཐུབ་པ་དང་ང་ཚོས་སྤྱི་ཁོག་དཔལ་འབྱོར་འཕེལ་ཕྱོགས་འོག་བོད་ཀྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མཛུབ་ཁྲིད་དང་བློ་སྒོ་འབྱེད་པའི་དོན་སྙིང་གལ་ཆེན་ལྡན་ཡོད། རིམ་ཁག་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་ཁག་དང་ལྷག་དོན་དུ་འགན་འཁུར་བློ་མཐུན་གཙོ་བོས་ངེས་པར་དུ་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས“རྒྱུན་ཚུལ་གསར་པའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་འཐབ་ཇུས་ཀྱི་བརྡར་ཤ་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་དུས་མཚམས་ཀྱི་འགྱུར་ལྡོག་གསར་པར་ཤེས་རྟོགས་གཏིང་ཟབ་བྱེད་དགོས་ན། འགག་རྩ་ནི་རང་ལྗོངས་ཀྱི་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་དང་དོན་དངོས་ཟུང་འབྲེལ་བྱ་རྒྱུར་ཐུག་ཡོད་པས་ཞིབ་འཇུག་ནན་ཏན་བྱེད་པ་དང་། དབྱེ་ཞིབ་ཡང་དག་བྱེད་པ། བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རང་ལྗོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།