འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།སྐྱེ་ཁམས་ཕྱུགས་ལས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་13ཉིན། 16:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།སྐྱེ་ཁམས་ཕྱུགས་ལས།
        དངུལ་རྡོ་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཉིན་ཤུག་ཤང་ལྷ་དགེ་རི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ་ཡིན་ཞིང་། ཁོང་གིས་བལྟས་ན། ལྷ་དགེ་རི་གྲོང་ཚོར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་ནི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་གཏོང་བའི་ལམ་བུར་སྐྱོད་པའི་འབྲས་བུ་རེད།
         འབྲོག་པ་དུད་ཁྱིམ་167ཡོད་པའི་ལྷ་དགེ་རི་གྲོང་ཚོ་ནི་ཕྱུགས་ལས་ཁོ་ན་གཉེར་བའི་གྲོང་ཚོ་ཞིག་ཡིན་ཞིང་། ས་བབ་མཐོ་ཞིང་གྲང་ལ་དབྱང་རླུང་དཀོན་པ་དང་། ཕྱུགས་རྩྭ་དང་ཕྱུགས་ཟོག་བར་གྱི་འགལ་བ་འབུར་ཐོན་སོགས་ཀྱི་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་པའི་དབང་གིས། ཡོང་འབབ་འཕར་དཀའ་བ་དང་། དབུལ་སྒྲོལ་བྱེད་དཀའ་བའི་གནད་དོན་གྲོང་ཚོ་འདིར་འབུར་དུ་ཐོན་ཡོད་པ་རེད། 2011ལོའི་ལོ་མཇུག་ཏུ་སྲིད་གཞུང་སྡེ་ཁག་གི་སྣེ་ཁྲིད་དང་རོགས་སྐྱོར་འོག གྲོང་ཚོ་འདིར་རྩྭ་ར་དང་ཕྱུགས་ཟོག་གོང་ཚད་ཕབ་ནས་མ་རྐང་འཇོག་ཐབས་ཐོག་ནས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བཙུགས་ཏེ་ལེགས་བསྡུས་ཞིབ་གཉེར་ཅན་དུ་འགྱུར་བའི་འཕེལ་རྒྱས་གཏོང་ལམ་དུ་སྐྱོད་འགོ་ཚུགས་པ་རེད།
    ༄༅།།སྐྱེ་ཁམས་ཕྱུགས་ལས།
    ༄༅།།སྐྱེ་ཁམས་ཕྱུགས་ལས།
      

    ཕྱོགས་བསྡུས་གསར་འགྱུར།