འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།མི་77ཇོ་བོ་དབུ་ཡག་གི་རི་རྩེར་འཛེགས་པས་རྒྱལ་ནང་གི་ཐེངས་གཅིག་ལ་རི་རྩེར་འཛེགས་
    པའི་མི་གྲངས་མང་ཤོས་ཀྱི་ལོ་རྒྱུས་ཀྱི་ཟིན་ཐོ་བཏོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་13ཉིན། 15:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མིག་སྔའི་བར། 2017ལོའི་སྟོན་དུས་ཀྱི་ཇོ་བོ་དབུ་ཡག་རི་རྩེར་འཛེགས་པའི་བྱེད་སྒོའི་ནང་རི་འཛེག་རུ་མི་77ཡོད་པ་ཚང་མ་བདེ་བླག་ངང་རི་རྩེར་འཛེགས་ཐུབ་པ་དེ་ནི་རྒྱལ་ནང་གི་རི་འཛེག་པས་འགྲོ་ཐེངས་གཅིག་ལ་ཇོ་བོ་དབུ་ཡག་གི་རི་རྩེར་འཛེགས་པའི་མི་གྲངས་མང་ཤོས་དེ་ཡིན།
         ཤེས་རྟོགས་བྱུང་བར་གཞིགས་ན། རི་རྩེར་འཛེགས་མཁན་རུ་མིའི་ནང་རི་འཛེག་རུ་མི་29དང་དེ་བཞིན་བོད་ལྗོངས་ཡར་ལྷ་ཤམ་པོ་རི་འཛེག་མྱུལ་དཔྱད་ཞབས་ཞུ་ཀུང་སིའི་རི་མཐོའི་སྣེ་ཤན་པ་48བཅས་ཚུད་ཡོད། མིག་སྔར་Aཚོགས་ཆུང་གི་རུ་མི་བདེ་བླག་ངང་སྒར་ས་ཆེ་མོར་འབྱོར་བ་དང་། Bཚོགས་ཆུང་གི་རུ་མི་བདེ་འཇགས་ངང་རི་ནས་འབབ་བཞིན་ཡོད་པ་རེད།
         རི་འཛེགས་རུ་མི་29ཡོད་པའི་ཁྲོད་14ནི་པེ་ཅིང་སློབ་ཆེན་རི་འཛེགས་རུ་ཁག་གི་རུ་མི་ཡིན་ཞིང་། དེ་གོང་པེ་ཅིང་སློབ་ཆེན་རི་རྒོད་ཁང་གི་རུ་མིས་1998ལོར་པེ་ཅིང་སློབ་ཆེན་བཙུགས་ནས་ལོ་100འཁོར་བའི་རྟེན་འབྲེལ་མཛད་སྒོའི་སྐབས་ཇོ་བོ་དབུ་ཡག་རི་རྩེར་འཛེགས་མྱོང་ཡོད། ད་ཐེངས་ཀྱི་རི་འཛེགས་བྱེད་སྒོ་སྤེལ་བ་ནི་ཁོང་ཚོས་2018ལོར་སློབ་གྲྭ་བཙུགས་ནས་ལོ་120འཁོར་བར་རྟེན་འབྲེལ་ཞུ་བའི་ཇོ་མོ་གླང་མར་འཛེགས་པའི་ལུས་སྦྱོང་བྱེད་སྒོའི་གྲས་ཤིག་རེད།
         དེ་གོང་2016ལོར་བོད་ལྗོངས་ཡར་ལྷ་ཤམ་པོ་རི་འཛེགས་མྱུལ་དཔྱད་ཞབས་ཞུ་ཀུང་སིས་སྒྲིག་འཛུགས་བྱས་པའི་རི་འཛེགས་བྱེད་སྒོའི་ནང་རི་རྩེར་འཛེགས་མཁན་མི་75བྱུང་བའི་ལོ་རྒྱུས་ཀྱི་ཟིན་ཐོ་བཏོད་མྱོང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།