མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་གིས་དཔལ་འབྱོར་དུས་བབ་སྐོར་ལ་ས་གནས་སྲིད་གཞུང་ཁག་གཅིག་གི་འགན་འཁུར་བ་གཙོ་བོའི་
བརྙན་ལམ་བཞུཌ་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་14ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་12ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ས་གནས་སྲིད་གཞུང་ཁག་གཅིག་གི་འགན་འཁུར་བ་གཙོ་བོའི་བརྙན་ལམ་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྟེ་དཔལ་འབྱོར་དུས་བབ་ལ་ཞིབ་འཇུག་དང་དབྱེ་ཞིབ་གནང་ནས་གོམ་སྟབས་རྗེས་མའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུར་སྐུལ་འདེད་བཏང་ཡོད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་ཚོགས་འདུར་ཕེབས་ཡོད་པ་རེད།
     བཞུགས་མོལ་ཚོགས་འདུའི་ཐོག་ལེའོ་ཉིང་ཞིང་ཆེན་གྱི་ཧྲེང་ཀྲང་ལིའུ་ཉིང་དང་། ཅང་སུའུ་ཞིང་ཆེན་གྱི་ཧྲེང་ཀྲང་ཝུའུ་ཀྲེང་ལུང་། ཧྥུའུ་ཅན་ཞིང་ཆེན་གྱི་ཧྲེང་ཀྲང་ཝང་ཉིང་། ཅང་ཤིས་ཞིང་ཆེན་གྱི་ཧྲེང་ཀྲང་དབྱི་ལེན་ཧུང་། ཧྲའན་ཤིས་ཞིང་ཆེན་གྱི་ཧྲེང་ཀྲང་ཀྲའོ་དབྱི་ཏེ་བཅས་ཀྱིས་ས་གནས་དེ་གའི་དཔལ་འབྱོར་དུས་བབ་སྙན་སེང་ཞུས་པ་དང་འབྲེལ་གྲོས་འགོ་ཡང་བཏོན་པ་རེད། ཚང་མས་ཉེ་བའི་ཟླ་ཤས་རིང་རྒྱལ་ཁབ་ཀྱི་གཞི་ཁྱོན་རང་བཞིན་གྱི་དཀའ་ངལ་སེལ་བའི་སྲིད་ཇུས་དང་ལྷག་པར་དུ་ཁྲལ་རིན་གཉིས་གཅོག་གི་ཕན་འབྲས་རྒྱུན་མཐུད་ངང་ཐོན་ནས་དཔལ་འབྱོར་རྒྱུན་མཐུད་ངང་བསྐྱར་འཕར་གྱི་རྣམ་པ་ཐོན་ཏེ་དམིགས་ཚད་གཙོ་བོ་རིམ་བཞིན་སླར་གསོ་བྱུང་བ་དང་། ཁྲོམ་རའི་བྱེད་པོ་གསར་པ་མགྱོགས་མྱུར་འཕར་ནས་ལས་ཞུགས་འབོར་ཆེན་སྐུལ་ཁྲིད་ཐུབ་པ། དམངས་འཚོ་འགན་ལེན་ནུས་ལྡན་ཐུབ་པའི་སྐོར་གླེང་ཡོད། ལི་ཁེ་ཆང་གིས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཧུར་ཐག་བྱས་ཏེ། དཀའ་ངལ་དང་འགྲན་སློང་ཆེན་པོའི་ཁྲོད་རང་རྒྱལ་གྱི་དཔལ་འབྱོར་གྱི་གཞི་རྩ་བརྟན་པོ་ཡོང་བ་བྱས་པ་དང་བརྟན་པོའི་ངང་བསྐྱར་འཕར་གྱི་རྣམ་པ་མངོན་པ་ནི་ལས་སླ་པོ་ཞིག་ག་ལ་ཡིན། འཕེལ་རྒྱས་ནི་རང་རྒྱལ་གྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་རྨང་གཞི་དང་འགག་རྩ་དེ་རེད། མིག་སྔར། རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་སྔར་བཞིན་རྙོག་འཛིང་ཆེ་ལ་ཛ་དྲག་པོ་ཡོད་པ་དང་གཏན་འཁེལ་མེད་པའི་རང་བཞིན་མང་དུ་ཕྱིན་ཡོད་པས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་པར་སྔར་བཞིན་དཀའ་སྤྱད་འབད་བརྩོན་བྱེད་དགོས། ཡིད་ཆེས་བརྟན་དུ་གཏོང་དགོས་ལ་དཀའ་ངལ་ཡོད་པའི་གནད་དོན་ལ་དབྱེ་ཞིབ་གསལ་པོ་བྱས་ཏེ། དམ་པ་དོན་གཉེར་གྱིས་དཔལ་འབྱོར་བརྟན་པོའི་ངང་བསྐྱར་འཕར་གྱི་རྣམ་པ་བརྟན་དུ་གཏོང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པའི་བླང་བྱ་གཞིར་བཟུང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ཁྲོད། “བརྟན་པོ་དྲུག”གི་ལས་དོན་རྒྱུན་མཐུད་ངང་ཡག་པོ་སྒྲུབ་པ་དང་། “འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ། སྒྱུར་བཅོས་སྒོ་དབྱེར་བརྟེན་ནས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ། ལོ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་འབད་བརྩོན་བཅས་བྱས་ནས་འདི་ལོའི་དམིགས་ཚད་ལས་འགན་གཙོ་བོ་ལེགས་སྒྲུབ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

  
style="display:none;"