མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)དར་མ་དང་གཞོན་ནུ་ལས་བྱེད་པའི
་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་12ཉིན། 09:14】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་10ཚེས་10ཉིན་2020ལོའི་སྟོན་ཀའི་སློབ་དུས་ཀྱི་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)དར་མ་དང་གཞོན་ནུ་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭར་སློབ་འགོ་ཚུགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་བ།

ཟླ་10ཚེས་10ཉིན་2020ལོའི་སྟོན་ཀའི་སློབ་དུས་ཀྱི་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)དར་མ་དང་གཞོན་ནུ་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭར་སློབ་འགོ་ཚུགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་བ།

     ■ ལོ་རྒྱུས་ནི་དུས་དང་རྣམ་པ་ཀུན་ཏུ་གནད་དོན་རྒྱུན་ཆད་མེད་པར་ཐག་གཅོད་བྱེད་པའི་ཁྲོད་མདུན་དུ་སྐྱོད་བཞིན་ཡོད། རང་རེའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་ལ་དམ་འཛིན་བཅས་བྱས་པ་ཚང་མ་རང་རྒྱལ་གྱི་གནད་དོན་དངོས་ཐག་གཅོད་བྱེད་པའི་ཆེད་དུ་རེད། གནད་དོན་དངོས་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་ནི་མིག་སྔའི་རྙོག་འཛིང་ཆེ་བའི་དུས་བབ་ལ་ཁ་གཏད་གཅོག་པ་དང་དཀའ་ཚེགས་ཆེ་བའི་ལས་འགན་ལེགས་སྒྲུབ་བྱེད་པའི་ཁ་ཚ་དགོས་གཏུགས་ཤིག་ཡིན་ལ། གཞོན་ནུ་ལས་བྱེད་པ་འཚར་ལོངས་ཡོང་བའི་དགོས་ངེས་ཀྱི་བླང་བྱ་ཞིག་ཀྱང་ཡིན། རྙོག་འཛིང་ཆེ་བའི་དུས་བབ་དང་དཀའ་ཚེགས་ཆེ་བའི་ལས་འགན་གྱི་མདུན་དུ། ང་ཚོས་ཉམས་ཉེན་ཁྲོད་ནས་གོ་སྐབས་འཚོལ་བ་དང་། འགྱུར་ལྡོག་ཁྲོད་ནས་འགོ་གསར་པ་འཛུགས་པ། ལས་བྱེད་པ་དང་ལྷག་པར་དུ་གཞོན་ནུ་ལས་བྱེད་པས་ཆབ་སྲིད་དང་། བརྟག་དཔྱད་ཞིབ་འཇུག ཚན་རིག་དང་མཐུན་པའི་ཇུས་འདོན། སྒྱུར་བཅོས་འགག་སྒྲོལ། འཕྲལ་སྡོམ་ཐག་གཅོད། མང་ཚོགས་ཀྱི་ལས་དོན་སྒྲུབ་པ། དོན་འཁྱོལ་ལ་དམ་འཛིན་བཅས་ཀྱི་ནུས་པ་ཆེ་རུ་གཏོང་བ། དཔའ་ངར་ཆེན་པོས་གནད་དོན་ལ་གདོང་གཏུག་པ། བྱ་བ་སྒྲུབ་འདོད་པ་དང་། བྱ་བ་སྒྲུབ་ནུས་པ། བྱ་བ་སྒྲུབ་ཐུབ་པ་བཅས་བྱས་ནས་རྒྱུན་ཆད་མེད་པར་གནད་དོན་ཐག་གཅོད་དང་དཀའ་གནད་སེལ་དགོས།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་10ཉིན་གྱི་སྔ་དྲོ། 2020ལོའི་སྟོན་ཀའི་སློབ་དུས་ཀྱི་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)དར་མ་དང་གཞོན་ནུ་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭར་སློབ་འགོ་ཚུགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འགོ་ཚུགས་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་ནས་ནན་བཤད་གནང་དོན། ལོ་རྒྱུས་ནི་དུས་དང་རྣམ་པ་ཀུན་ཏུ་གནད་དོན་རྒྱུན་ཆད་མེད་པར་ཐག་གཅོད་བྱེད་པའི་ཁྲོད་མདུན་དུ་སྐྱོད་བཞིན་ཡོད། རང་རེའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་ལ་དམ་འཛིན་བཅས་བྱས་པ་ཚང་མ་རང་རྒྱལ་གྱི་གནད་དོན་དངོས་ཐག་གཅོད་བྱེད་པའི་ཆེད་དུ་རེད། གནད་དོན་དངོས་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་ནི་མིག་སྔའི་རྙོག་འཛིང་ཆེ་བའི་དུས་བབ་ལ་ཁ་གཏད་གཅོག་པ་དང་དཀའ་ཚེགས་ཆེ་བའི་ལས་འགན་ལེགས་སྒྲུབ་བྱེད་པའི་ཁ་ཚ་དགོས་གཏུགས་ཤིག་ཡིན་ལ། གཞོན་ནུ་ལས་བྱེད་པ་འཚར་ལོངས་ཡོང་བའི་དགོས་ངེས་ཀྱི་བླང་བྱ་ཞིག་ཀྱང་ཡིན། རྙོག་འཛིང་ཆེ་བའི་དུས་བབ་དང་དཀའ་ཚེགས་ཆེ་བའི་ལས་འགན་གྱི་མདུན་དུ། ང་ཚོས་ཉམས་ཉེན་ཁྲོད་ནས་གོ་སྐབས་འཚོལ་བ་དང་། འགྱུར་ལྡོག་ཁྲོད་ནས་འགོ་གསར་པ་འཛུགས་པ། ལས་བྱེད་པ་དང་ལྷག་པར་དུ་གཞོན་ནུ་ལས་བྱེད་པས་ཆབ་སྲིད་དང་། བརྟག་དཔྱད་ཞིབ་འཇུག ཚན་རིག་དང་མཐུན་པའི་ཇུས་འདོན། སྒྱུར་བཅོས་འགག་སྒྲོལ། འཕྲལ་སྡོམ་ཐག་གཅོད། མང་ཚོགས་ཀྱི་ལས་དོན་སྒྲུབ་པ། དོན་འཁྱོལ་ལ་དམ་འཛིན་བཅས་ཀྱི་ནུས་པ་ཆེ་རུ་གཏོང་བ། དཔའ་ངར་ཆེན་པོས་གནད་དོན་ལ་གདོང་གཏུག་པ། བྱ་བ་སྒྲུབ་འདོད་པ་དང་། བྱ་བ་སྒྲུབ་ནུས་པ། བྱ་བ་སྒྲུབ་ཐུབ་པ་བཅས་བྱས་ནས་རྒྱུན་ཆད་མེད་པར་གནད་དོན་ཐག་གཅོད་དང་དཀའ་གནད་སེལ་དགོས།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་འགོ་ཚུགས་མཛད་སྒོར་ཕེབས་པ་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། དེའི་ཁྲོད་ཀྱི་ཉམས་མྱོང་གལ་ཆེན་ཞིག་ནི་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གནད་དོན་དངོས་ཐག་གཅོད་བྱ་རྒྱུ་དེ་ལས་དོན་གྱི་རྣམ་པ་གཏོད་པའི་ཚད་བརྒལ་སར་བརྩིས་པ་དེ་ཡིན། དེང་སྐབས་ཀྱི་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་འབྱུང་བཞིན་ཡོད་པ་དང་ཕྱི་རོལ་ཁོར་ཡུག་ལ་བརྟན་པོ་མེད་པ་དང་ངེས་གཏན་མེད་པའི་རང་བཞིན་སྔར་བས་མང་བ་འབྱུང་བཞིན་ཡོད། སང་ལོར་ང་ཚོ“ལོ་ལྔ་ཚན་བཅུ་བཞི་པའི”དུས་སྐབས་སུ་སླེབས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་རྒྱུ་རེད། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སྐྱོད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་བྱེད་པར་ཐག་གཅོད་བྱེད་དགོས་པའི་གནད་དོན་ཇེ་མང་ཐོན་རྒྱུ་དང་རྙོག་འཛིང་ཇེ་ཆེར་འགྲོ་རྒྱུ་རེད། རང་རྒྱལ་འདི་ཉིད་མུ་མཐུད་འཕེལ་རྒྱས་གཏོང་བར་ཕྱོགས་མང་པོའི་ལེགས་ཆ་དང་ཆ་རྐྱེན་འཛོམས་མོད། འོན་ཀྱང་འཕེལ་རྒྱས་དོ་མི་སྙོམས་པ་དང་གང་ལེགས་མ་བྱུང་བའི་གནད་དོན་སྔར་བཞིན་མངོན་གསལ་དོད་པོ་ཡོད། ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་མོད། འོན་ཀྱང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་མཐའ་མའི་རྒྱལ་ཁ་ལེན་པ་དང་། “བརྟན་པོ་དྲུག”གི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ། “འགན་ལེན་དྲུག”གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་པ་བཅས་བྱེད་པར་ད་དུང་མུ་མཐུད་འབད་བརྩོན་བྱེད་དགོས་ཀྱི་ཡོད།
     ཞི་ཅིན་ཕིང་གིས་བསྟན་གནང་དོན། གཞོན་ནུ་ལས་བྱེད་པས་ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་དགོས་ཤིང་། ལས་བྱེད་པས་ལས་དོན་ཡག་པོ་སྒྲུབ་པར་ལྡན་དགོས་པའི་ནུས་པ་སྣ་ཚོགས་ཁྲོད་ཆབ་སྲིད་ཀྱི་ནུས་པ་ནི་ཨང་དང་པོ་ཡིན། ཉམས་སད་ཐེག་ཐུབ་པའི་ཆབ་སྲིད་ཀྱི་འཇོན་ཐང་ཡོད་ཚེ། གཞི་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་རང་རྟོགས་ངང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་དང་། དུས་སྐབས་གང་འདྲ་ཞིག་དང་གནས་ཚུལ་གང་འདྲ་ཞིག་འཕྲད་རུང་སྔར་བཞིན་བློ་རྒྱ་ཆེན་པོས་ཁ་གཏད་གཅོག་ཐུབ། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་སྟངས་འཛིན་བྱེད་པ་དང་། ཆབ་སྲིད་ཀྱི་ཚོར་སྐྱེན་རང་བཞིན་དང་ཆབ་སྲིད་ཀྱི་དབྱེ་འབྱེད་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྣང་ཆེན་བྱེད་པ། ཀྲུང་གོ་ཅན་གྱི་མར་ཁེ་སི་རིང་ལུགས་ཁོང་དུ་ཆུད་པར་བྱེད་པ་བཅས་ཀྱི་ཐོག་ནས་མར་ཁེ་སི་རིང་ལུགས་ཀྱི་དད་མོས་པ་བརྟན་པོ་ཞིག་དང་ལག་བསྟར་བ་རྣམ་དག་ཅིག་བྱེད་དགོས།
     ཞི་ཅིན་ཕིང་གིས་བསྟན་གནང་དོན། གཞོན་ནུ་ལས་བྱེད་པས་བརྟག་དཔྱད་ཞིབ་འཇུག་གི་ནུས་པ་ཆེ་རུ་གཏོང་དགོས་ཤིང་། བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་ནི་ལས་དོན་ཡག་པོ་སྒྲུབ་པའི་གཞི་རྩའི་ནུས་རྩལ་ཡིན། དེས་ན་ངེས་པར་དུ་བརྟག་དཔྱད་ཞིབ་འཇུག་བྱེད་ཤེས་པ་བྱས་ནས་བརྟག་དཔྱད་ཞིབ་འཇུག་བྱེད་རིང་ལས་དོན་སྒྲུབ་པའི་ནུས་པ་ཆེ་རུ་གཏོང་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གཞོན་ནུ་ལས་བྱེད་པས་ཚན་རིག་དང་མཐུན་པའི་ཇུས་འདོན་ནུས་པ་ཆེ་རུ་གཏོང་དགོས་ཤིང་། འཐབ་ཇུས་ཀྱི་མིག་རྒྱང་ཐོག་ནས་རྒྱང་རིང་མཐོང་ཐུབ་པ་དང་བསམ་བློ་གཏིང་ཟབ་གཏོང་ཐུབ་པ་བྱེད་དགོས། ཞིབ་འཇུག་གཏིང་ཟབ་དང་། ཕྱོགས་བསྡུས་དབྱེ་ཞིབ། ཕྱོགས་ཡོངས་ནས་བསམ་གཞིག ཚན་རིག་དང་མཐུན་པའི་ངང་ཇུས་འདོན་བཅས་བྱེད་དགོས།
     ཞི་ཅིན་ཕིང་གིས་བསྟན་གནང་དོན། གཞོན་ནུ་ལས་བྱེད་པས་སྒྱུར་བཅོས་འགག་སྒྲོལ་གྱི་ནུས་པ་ཆེ་རུ་གཏོང་དགོས་ཤིང་། ལས་སྒྲུབ་སྤྲོ་སེམས་དང་ཚན་རིག་གི་སྙིང་སྟོབས་ཟུང་འབྲེལ་བྱས་ཏེ་བཏོན་པའི་སྒྱུར་བཅོས་བྱེད་ཐབས་ཁག་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་། ལས་ཀའི་དགོས་མཁོ། མང་ཚོགས་ཀྱི་ཁེ་ཕན་བཅས་དང་འཚམས་པ་བྱེད་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གཞོན་ནུ་ལས་བྱེད་པས་འཕྲལ་སྡོམ་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་པའི་ནུས་པ་མཐོ་རུ་གཏོང་དགོས་ཤིང་། ཉེན་ཁའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། སྔོན་ནས་བྱ་སྤྱོད་ཡག་པོ་སྤེལ་བ། རང་འགུལ་དམག་འཐབ་ཡག་པོ་རྒྱག་པ་བཅས་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པའི་གྲ་སྒྲིག་ཡག་པོ་བྱེད་དགོས།
     ཞི་ཅིན་ཕིང་གིས་བསྟན་གནང་དོན། གཞོན་ནུ་ལས་བྱེད་པས་མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་ནུས་པ་ཆེ་རུ་གཏོང་དགོས་ཤིང་། མང་ཚོགས་ཀྱི་ཁྲོད་ནས་ཡོང་བ་དང་མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ། མང་ཚོགས་ཀྱི་སྙིང་ཉེ་བ་ངོ་མ་ཞིག་ཏུ་འགྱུར་བར་བྱེད་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གཞོན་ནུ་ལས་བྱེད་པས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས་ཤིང་། བྱ་གཞག་སྒྲུབ་སྐབས་ཕྱི་ཚུལ་ཙམ་བྱ་རྒྱུ་མེད་པར་ངེས་པར་དུ་ཏན་ཏན་ཏིག་ཏིག་བྱེད་དགོས་པ་དང་ལས་དོན་དོན་འཁྱོལ་ལ་དམ་འཛིན་བྱེད་པར་གོང་རིམ་གྱིས་འོག་རིམ་ལ་སྣེ་ཁྲིད་དང་དམ་པ་དོན་གཉེར་བྱེད་དགོས།
     ཞི་ཅིན་ཕིང་གིས་ང་ཚོ་ནི་མདུན་ལམ་ཆེན་པོ་ཡོད་པའི་དུས་རབས་གསར་པར་གནས་ཡོད། གཞོན་ནུ་ལས་བྱེད་པས་རྒྱུན་ཆད་མེད་པར་མདུན་དུ་སྐྱོད་པ་དང་ལས་འགན་ལྗིད་པོ་འཁུར་ཕོད་པར་བྱས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལག་ལེན་ནང་ཧུར་ཐག་ཞུགས་དགོས། ཆར་རླུང་བརྒྱུད་དེ་མཐོང་ཐོས་མྱོང་གྲུབ་དང་ལག་ལེན་དངོས་ནང་ཞུན་བརྡར་བཏང་སྟེ། ཉམས་སད་ཐེག་ཐུབ་པའི་འཇོན་ཐང་ལ་བརྟེན་ནས་བྱས་རྗེས་འཇོག་པ་དང་འགན་འཁྲིར་ངོ་གནོང་མི་དགོས་པ་ཞིག་བྱེད་དགོས་ཞེས་བསྟན་གནང་བ་རེད།
     2020ལོའི་སྟོན་ཀའི་སློབ་དུས་ཀྱི་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)དར་མ་དང་གཞོན་ནུ་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་སློབ་མ་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་དང་ཀྲུང་དབྱང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་སློབ་འགོ་ཚུགས་པའི་མཛད་སྒོར་ཟུར་ཞུགས་གནང་བ་རེད།

  
style="display:none;"