མི་དམངས་དྲ་བ།

༄༅༎རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱིར་སྡོད་གཞུང་ཚབ་ཆེ་མོ་བ་བསྐོ་འཐེན་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་12ཉིན། 09:11】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གཏན་འབེབས་ལྟར། ཕྱིར་སྡོད་གཞུང་ཚབ་ཆེ་མོ་བ་བསྐོ་འཐེན་གནང་བ་གཤམ་གསལ།
     གཅིག ལྷོ་ཨ་ཧྥེ་རི་ཁ་སྤྱི་མཐུན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཚང་མ་ཡོད་པའི་ལིན་སུང་ཐེན་གྱི་གཞུང་ཚབ་ཆེ་མོ་བའི་གོ་གནས་ཕྱིར་འཐེན་བྱེད་རྒྱུ་དང་། ཁྲེན་ཞའོ་ཏུང་ལྷོ་ཨ་ཧྥེ་རི་ཁ་སྤྱི་མཐུན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེ་མོ་བར་བསྐོ་གཞག་བྱེད་རྒྱུ།
     གཉིས། སེ་ནེ་ཀལ་སྤྱི་མཐུན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཚང་མ་ཡོད་པའི་ཀྲང་ཤུན་གྱི་གཞུང་ཚབ་ཆེ་མོ་བའི་གོ་གནས་ཕྱིར་འཐེན་བྱེད་རྒྱུ། ཤའོ་ཧན་སེ་ནེ་ཀལ་སྤྱི་མཐུན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེ་མོ་བར་བསྐོ་གཞག་བྱེད་རྒྱུ།
     གསུམ། ལུ་ཙེམ་པོག་གུང་རིམ་པའི་རྒྱལ་ཕྲན་ཆེ་མོར་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཚང་མ་ཡོད་པའི་ཧོང་ཁྲང་ཆིང་གི་གཞུང་ཚབ་ཆེ་མོ་བའི་གོ་གནས་ཕྱིར་འཐེན་བྱེད་རྒྱུ། དབྱང་ཞའོ་རུང(མོ)ལུའུ་སེན་པའོ་གུང་རིམ་པའི་རྒྱལ་ཕྲན་ཆེ་མོར་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེ་མོ་བར་བསྐོ་གཞག་བྱ་རྒྱུ།
     བཞི། ལི་མིང་སོ་ལོ་མོན་གླིང་ཚོམ་དུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེ་མོ་བར་བསྐོ་གཞག་བྱེད་རྒྱུ།

  
style="display:none;"