མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ལཱ་ཧོ་མོང་ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་14ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་12ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལཱ་ཧོ་མོང་སླར་ཡར་ཐ་ཇིག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ་རེད།
     ཞི་ཅིན་ཕིང་གི་རྟེན་འབྲེལ་གློག་འཕྲིན་ནང་། ཀྲུང་ཐ་རྒྱལ་ཁབ་གཉིས་ནི་རི་ཆུ་འབྲེལ་བའི་ཁྱིམ་མཚེས་བཟང་པོ་དང་། ཕན་ཚུན་རྒྱབ་སྐྱོར་བྱེད་པའི་གྲོགས་པོ་བཟང་པོ། ཕན་ཚུན་ཡིད་ཆེས་ལྡན་པའི་རོགས་ཟླ་བཟང་པོ་བཅས་ཡིན། ཉེ་བའི་ལོ་ཤས་རིང་ཀྲུང་ཐའི་འབྲེལ་བ་ཧ་ཅང་ཟབ་ཏུ་ཕྱིན་པ་དང་། ཕྱོགས་གཉིས་པོས་ཀྲུང་ཐ་འཕེལ་རྒྱས་ཀྱི་གཅིག་མཐུན་འདུས་གྲུབ་དང་བདེ་འཇགས་ཀྱི་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་སྔོན་ལ་ཁྱབ་བསྒྲགས་བྱས་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བའི་ཐད་མདུན་གྲལ་དུ་བསྐྱོད་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་མིག་དཔེ་བསྟན་ཡོད། ཀྲུང་ཐའི་འབྲེལ་བའི་འཕེལ་རྒྱས་ཐད་ངས་མཐོང་ཆེན་པོ་བྱེད་ཀྱི་ཡོད། ཁྱེད་དང་ལག་གདང་སྦྲེལ་ནས་ཀྲུང་ཐ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་བདེ་ཧུར་ཐག་སྐྲུན་འདོད་ཡོད་ཅེས་འཁོད་ཡོད།

  
style="display:none;"