མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་11ཉིན། 21:27】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ལས་ཞུགས་བརྟན་གཏོང་ལས་དོན་སྔར་བས་ཡག་པོ་བསྒྲུབས་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་འགྲུབ་ཡོང་ བའི་འགན་ལེན་བྱ་རྒྱུ་བཀོད་སྒྲིག་བྱས་པ་དང་《ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད》ལ་གྲོས་འཆམ་ བྱས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་འཕར་གཞི་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་རྒྱུ་ཡིན་པ། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་ གྱི་ས་གནས་ཁག་གཅིག་ཏུ་རྒྱལ་སྤྱིའི་མཚོ་ཐོག་སྐྱེལ་འདྲེན་དང་འབྲེལ་བ་ཡོད་པའི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཁྱབ་གདལ་དང་ ལག་བསྟར་བྱས་ནས་ཆུ་ཚད་སྔར་ལས་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུའི་གཏན་འབེབས་བྱས་པ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ལས་ཞུགས་བརྟན་གཏོང་ལས་དོན་སྔར་བས་ཡག་པོ་བསྒྲུབས་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་འགྲུབ་ཡོང་བའི་འགན་ལེན་བྱ་རྒྱུ་བཀོད་སྒྲིག་བྱས་པ་དང་། 《ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད》ལ་གྲོས་འཆམ་བྱས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་འཕར་གཞི་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་རྒྱུ། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་ས་གནས་ཁག་གཅིག་ཏུ་རྒྱལ་སྤྱིའི་མཚོ་ཐོག་སྐྱེལ་འདྲེན་དང་འབྲེལ་བ་ཡོད་པའི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཁྱབ་གདལ་དང་ལག་བསྟར་བྱས་ནས་ཆུ་ཚད་སྔར་ལས་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུའི་གཏན་འབེབས་བྱས་པ་རེད།
     ཚོགས་འདུའི་ཐོག་ལས་ཞུགས་འགན་ལེན་ཐུབ་ཚེ་དཔལ་འབྱོར་གྱི་གཞི་སྡེར་བརྟན་པོ་ཡོང་ཐུབ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། འདི་ལོ་ཤར་ཚུན་ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ལས་ཞུགས་སྔོན་ལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ལས་ཞུགས་བརྟན་གཏོང་གི་བྱེད་ཐབས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཤིང་། རིམ་རྩིས་བྱས་ན་ཟླ་དང་པོ་ནས་བརྒྱད་པ་བར་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་ཐུབ་པའི་མི་གྲངས་ཁྲི་781མང་དུ་སོང་བ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་བརྟག་དཔྱད་བྱེད་ཚད་ཟླ་2པའི་མཐོ་ས་ནས་རིམ་བཞིན་ཆག་མོད། འོན་ཀྱང་མིག་སྔར་ལས་ཞུགས་འགན་ལེན་ལ་སྔར་བཞིན་གནོན་ཤུགས་ཧ་ཅང་ཆེན་པོ་འཕྲད་ཡོད། དེས་ན་གཅིག་ནས་མུ་མཐུད་ཁྲོམ་རའི་གྲུབ་ཆ་གཙོ་བོར་འགན་ལེན་དང་ལས་ཞུགས་ལས་གནས་བརྟན་པོ་ཡོང་བར་བྱེད་དགོས་ཤིང་། ཁེ་ལས་ལ་དཀའ་ངལ་སེལ་རོགས་དང་ལས་ཞུགས་ལས་གཏོད་ལ་རོགས་སྐྱོར་གྱི་སྲིད་ཇུས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག ཁུར་པོ་ཡང་དུ་གཏོང་བ་དང་། ལས་གནས་བརྟན་དུ་གཏོང་བ། ལས་ཞུགས་རྒྱ་ཆེར་གཏོང་བ་བཅས་ཀྱི་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་སྟེ། རྡབ་རྡེག་ཆེན་པོ་ཕོག་པ་དང་ཐོན་སྐྱེད་གཉེར་སྐྱོང་སླར་གསོ་འགོར་བའི་ཁེ་ལས་འབྲིང་གྲས་དང་། ཕྲན་ཚེགས་ཁེ་ལས། དེ་བཞིན་དཀའ་ངལ་ཡོད་པའི་ལས་རིགས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། གཉིས་ནས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དང་རྩལ་ནུས་གསོ་སྦྱོང་གི་བྱེད་སྒོ་སྤེལ་ཏེ་ལས་ཞུགས་བྱེད་ནུས་ཆེ་རུ་གཏོང་དགོས་པ་དང་ཁྲོམ་ར་ཅན་གྱི་ལས་ཞུགས་ཐབས་ལམ་རྒྱ་ཆེར་བཏང་ནས་ལས་ཞུགས་ཐུབ་མེད་པའི་སློབ་ཐོན་སློབ་མར“རྒྱུན་མཐུད”ཞབས་འདེགས་ཡག་པོ་ཞུ་དགོས། ཞིང་པ་ལས་མིའི་ལས་ཞུགས་ཞབས་ཞུ་དང་ལས་གཏོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། གུན་གསབ་ལས་སྤྲོད་ཀྱི་འཛུགས་སྐྲུན་ཁྱབ་ཁོངས་དང་ལག་བསྟར་བྱེད་ཁོངས་རྒྱ་སྐྱེད་གཏོང་དགོས། དཀའ་ངལ་ཡོད་པའི་མི་སྣའི་ལས་ཞུགས་ཐད་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། གནོད་འཚེ་ཕོག་པའི་མང་ཚོགས་དང་། ཉ་འཛིན་མཚམས་བཞག་པའི་ཉ་པ། དབང་པོ་སྐྱོན་ཅན་སོགས་ཀྱི་ལས་ཞུགས་ལས་དོན་སྤྱི་འདོམས་ཡག་པོ་བྱེད་དགོས། གསུམ་ནས་ལས་ཞུགས་ཀྱི་མི་མངོན་པའི་ནུས་པ་དེ་བས་ཆེན་པོ་འདོན་ཐུབ་པ་བྱེད་དགོས་ཤིང་། ལས་རིགས་རྩལ་ནུས་མཐོར་གཏོང་གི་བྱ་སྤྱོད་མུ་མཐུད་ལག་བསྟར་བྱེད་དགོས། ཕྱོགས་ཁག་གི་འགན་འཁྲི་ནན་དུ་བཏང་སྟེ། སྟབས་བསྟུན་ལས་ཞུགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་མ་ཟད། ད་དུང་ཐབས་མང་མཉམ་སྤྱོད་ཀྱིས་ལས་གནས་མང་དུའང་གཏོང་དགོས་ཞེས་བསྟན་ཡོད།
     ཐོན་ལས་རིམ་སྤོར་གྱི་འཕེལ་ཕྱོགས་དང་ལྗང་མདོག་འཛད་སྤྱོད་ཀྱི་དགོས་མཁོ་གསར་པ་དང་འཚམ་པར་བྱས་ཏེ། ཚོགས་འདུའི་ཐོག《ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ལས་འཕེལ་རྒྱས་འཆར་འགོད》ལ་གྲོས་འཆམ་བྱས་པ་བརྒྱུད། ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ལག་རྩལ་ལམ་ཕྱོགས་གདམ་ག་སོགས་ཐད་ཀྱི་ཁེ་ལས་ཀྱི་བྱེད་པོའི་གནས་བབ་ཆེ་རུ་བཏང་ནས་ཚད་ལྡན་ཁྲིམས་སྲོལ་གཏན་འབེབས་དང་སྤུས་ཚད་བདེ་འཇགས་ལྟ་འདོམས་སོགས་ཐད་ཀྱི་སྲིད་གཞུང་གི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པ་བྱེད་དགོས། ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ལས་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་གཏོང་རྒྱུའི་ཁྲིད་སྟོན་དང་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་འཛུགས་པར་སྐུལ་འདེད་བཏང་སྟེ། ཐོན་ལས་གཅིག་སྡུད་བྱེད་ཚད་མཐོ་རུ་དང་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས་ཞེས་གསལ་པོ་སྟོན་ཡོད།
     གཡོད་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཆུ་ཚད་སྔར་ལས་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་ཆེད། ཚོགས་འདུའི་ཐོག་འདི་ལོའི་ཟླ་10ཚེས་1ནས་2023ལོའི་ཟླ་12ཚེས་31ཉིན་བར། ནན་ཧྲ་རང་མོས་ཚོང་དོན་ཁུལ་དུ་རྒྱལ་སྤྱིའི་མཚོ་ཐོག་སྐྱེལ་འདྲེན་གྱི་འགན་བཅོལ་ལས་སྒོ་སྤེལ་བར་ཁྲལ་བསྡུའི་གཟིགས་སྐྱོང་ངེས་ཅན་བྱ་རྒྱུ་དང་། འདི་ལོའི་ཟླ་10ཚེས་1ཉིན་ནས་བཟུང་ཀྲུའུ་ཅང་གཙང་པོའི་ཟུར་གསུམ་ཁུལ་གྱི་གྲོང་ཁྱེར་9ཡི་གྲུ་ཁ་37དེ་འདྲེན་འགོ་འཛུགས་སའི་གྲུ་ཁར་བྱ་རྒྱུ་དང་། ནན་ཧྲ་ཁྲལ་སྲུང་གྲུ་ཁའི་ཁུལ་དང་ཆན་ཧའེ་ཁྲལ་སྲུང་གྲུ་ཁའི་ཁུལ་གཉིས་རྒྱལ་མཚམས་ལས་བྲལ་བའི་གྲུ་ཁར་བྱ་རྒྱུའི་མཚོ་ཐོག་སྐྱེལ་འདྲེན་གྱི་དངོས་ཟོག་ལ་འདྲེན་འགོ་འཛུགས་སའི་གྲུ་ཁའི་ཁྲལ་སློག་སྲིད་ཇུས་ལག་བསྟར་བྱས་ཏེ། མངའ་ཁོངས་ནང་གི་དངོས་ཟོག་འདྲེན་འགོ་འཛུགས་ས་ནས་ཕྱིར་གཏོང་བྱས་མ་ཐག་ཁྲལ་དངུལ་བསློགས་ནས་ཁེ་ལས་ཀྱི་མ་དངུལ་གྱིས་བཟུང་བའི་མ་གནས་ཆུང་དུ་གཏོང་རྒྱུའི་གཏན་འབེབས་བྱས་པ་རེད།

  
style="display:none;"