མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ན་སྨི་པི་ཡའི་ཙུང་ཐུང་ཀེན་ཀེ་པུ་དང་ཀྲུང་གོ་དང་ན་སྨི་པི་ཡ་དབར་ཕྱི་འབྲེལ་བཙུགས་ནས་ལོ་30
འཁོར་བར་རྟེན་འབྲེལ་གློག་འཕྲིན་སྤྲིངས་རེས་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་24ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་22ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ན་སྨི་པི་ཡའི་ཙུང་ཐུང་ཀེན་ཀེ་པུ་དབར་རྟེན་འབྲེལ་གློག་འཕྲིན་སྤྲིངས་རེས་གནང་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ཏེ་ལོ་30འཁོར་བར་རྟེན་འབྲེལ་ཞུས་པ་རེད།
     ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་ཀྲུང་ནའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་30སོང་རིང་རྒྱལ་སྤྱིའི་དུས་བབ་འགྱུར་ལྡོག་ཇི་འདྲ་ཕྱིན་རུང་ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕྱར་བ་གྲུ་འདེགས་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཡོད། ད་ཕན་ལོ་ཤས་རིང་ང་དང་ཙུང་ཐུང་ཀེན་ཀེ་པུ་དབར་ཐུག་འཕྲད་ཐེངས་མང་བྱས་ཏེ་ཀྲུང་ནའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་པ་དང་འཕེལ་རྒྱས་གཏོང་བའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་གྲུབ་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་སྐས་རིམ་གསར་པར་སླེབས་རྒྱུར་ཁྲིད་སྟོན་བྱས་ཐོག་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་ཆེ་རུ་བཏང་ཡོད། ངས་ཀྲུང་ནའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ་ཙུང་ཐུང་ཀེན་ཀེ་པུ་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་30འཁོར་བ་དེ་འགོ་འཛུགས་ས་གསར་པར་བྱས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཀྲུང་ཧྥེའི་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་སྟངས་འཛིན་ཡག་པོ་བྱེད་པ་དང་། ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་བྱེད་ཤུགས་སྲ་བརྟན་དུ་གཏོང་བ། དངོས་སྒྲུབ་མཉམ་ལས་གཏིང་ཟབ་བཅས་བྱས་ཏེ་དུས་རབས་གསར་པའི་ཀྲུང་ནའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་སྒུལ་ཤུགས་གསར་པ་སྣོན་པ་དང་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་འདུས་གྲུབ་དེ་བས་དམ་ཟབ་སྐྲུན་ཆེད་ནུས་པ་ཕྲན་བུ་འདོན་འདོད་ཡོད་ཅེས་བསྟན་གནང་བ་རེད།
     ཀེན་ཀེ་པུ་ཡིས་རྟེན་འབྲེལ་གློག་འཕྲིན་ནང་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ཚུན་ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་དང་གཉིས་ཁེ་མཉམ་ལས་མཐའ་འཁྱོངས་ཀྱིས་ན་ཀྲུང་གི་ལྟོས་མེད་ཀྱི་མཛའ་གྲོགས་ལ་དུས་རབས་ཀྱི་འཕོ་འགྱུར་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་གི་ཚོད་བགམ་ཐེག་ཡོད། ལོ་རྒྱུས་ཀྱི་འགག་རྩའི་དུས་སྐབས་གསར་པའི་ཐོག་ནས་ན་སྨི་པི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་གཉིས་པོའི་འབྲེལ་བར་གསོན་ཤུགས་གསར་པ་སྣོན་པ་དང་ཞི་བདེ་དང་། དར་རྒྱས། བརྟན་ལྷིང་བཅས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་འདོད་ཡོད། ན་སྨི་པི་ཡའི་སྲིད་གཞུང་དང་མི་དམངས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་དཔའ་ངར་ཆེན་པོས་འཐབ་རྩོད་བྱས་པས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཚོད་འཛིན་ནུས་ལྡན་ཐུབ་པར་བསྔགས་བརྗོད་བྱ་རྒྱུ་ཡིན་ལ་ཀྲུང་གོ་ཕྱོགས་དང་མུ་མཐུད་ལག་གདང་སྦྲེལ་ནས་རིམས་ནད་གོ་ལ་ཧྲིལ་པོར་མཆེད་རྒྱུར་འགོག་རྒོལ་བྱ་འདོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོ་དེ་བས་དར་རྒྱས་སྟོབས་འབྱོར་ལྡན་པ་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་འཁོད་ཡོད་པ་རེད།

  
style="display:none;"