མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་སི་ཕེན་དུ་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་པར་སི་ཕེན་གྱི་རྒྱལ་པོ་ཧྥེ་ལི་ཕེ་
ཁྲི་ཐོག་དྲུག་པར་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་23ཉིན། 12:00】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་ཕེན་གྱི་རྒྱལ་པོ་ཧྥེ་ལི་ཕེ་ཁྲི་ཐོག་དྲུག་པར་གློག་འཕྲིན་བཏང་གནང་ནས་ཉེ་དུས་སི་ཕེན་དུ་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་པར་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ཏེ་སི་ཕེན་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
     ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་ཀྲུང་གོ་ཕྱོགས་ཀྱིས་སི་ཕེན་གྱིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་འབད་འཐབ་དང་བྱ་ཐབས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཉམས་མྱོང་དང་སྨན་བཅོས་ཇུས་གཞི་མཉམ་སྤྱོད་བྱས་ཏེ་ནུས་པས་ལྕོགས་ཚོད་ཀྱི་རོགས་རམ་དང་རྒྱབ་སྐྱོར་བྱེད་འདོད་ཡོད། མིའི་རིགས་ནི་ལས་དབང་གཅིག་མཐུན་འདུས་གྲུབ་ཡིན་པས་མཐུན་སྒྲིལ་རོགས་རེས་བྱས་ཚེ་གཞི་ནས་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ཀྱི་འགྲན་སློང་ལས་རྣམ་པར་རྒྱལ་ཐུབ། ཀྲུང་གོ་དང་སི་ཕེན་རྒྱལ་ཁབ་གཉིས་པོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འབད་འཐབ་བྱས་ཚེ་རིམས་ནད་ལ་འགོག་རྒོལ་བྱེད་པའི་མཐའ་མའི་རྒྱལ་ཁ་ཐོབ་ངེས་ཡིན་པའི་ཡིད་ཆེས་ཡོད། ངས་ཀྲུང་གོ་དང་སི་ཕེན་གྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པས་ཕྱར་བ་གྲུ་འདེགས་ངང་རིམས་ནད་ལ་འགོག་རྒོལ་བྱས་ཚེ་རྒྱལ་ཁབ་གཉིས་པོའི་དབར་གྱི་མཛའ་མཐུན་དང་ཕན་ཚུན་ཡིད་ཆེས་བྱེད་ཚད་སྔར་བས་སྲ་བརྟན་དང་གཉིས་ཕན་མཉམ་ལས་སྔར་བས་དམ་ཟབ་བྱུང་སྟེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་ཅེས་གསུངས་པ་རེད།

  
style="display:none;"