མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་དབྱི་ཐ་ལིར་ཏོག་གསར་གློ་ཚད་རིམས་ནད་ཐོན་པར་དབྱི་ཐ་ལིའི་ཙུང་ཐུང་
མཱ་ཐེ་ལེ་ལཱར་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་16ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱི་ཐ་ལིའི་ཙུང་ཐུང་མཱ་ཐེ་ལེ་ལཱར་གློག་འཕྲིན་བཏང་གནང་སྟེ། ཉེ་ཆར་དབྱི་ཐ་ལིར་ཏོག་གསར་གློ་ཚད་རིམས་ནད་ཐོན་པར་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ནས་དབྱི་ཐ་ལི་སྲིད་གཞུང་དང་མི་དམངས་ལ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
     ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་ཕན་ཚུན་རྒྱབ་སྐྱོར་དང་མཉམ་ལས་གཉིས་ཁེ་ཡོང་བ་བྱེད་པ་ནི་ཀྲུང་དབྱིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་བརྗོད་དོན་གཙོ་བོ་ཞིག་ཡིན། སྐབས་འདིར་དབྱི་ཐ་ལི་ཕྱོགས་ལ་དཀའ་ངལ་འཕྲད་ཅིང་། དབྱི་ཐ་ལི་ཕྱོགས་ཀྱིས་རིམས་ནད་ལ་འགོག་རྒོལ་ཧུར་ཐག་བྱེད་པར་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་བློ་རྩ་བརྟན་པོས་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། ད་དུང་མཉམ་ལས་དང་རོགས་རམ་བྱེད་འདོད་ཀྱང་ཡོད་ཅེས་ནན་བཤད་གནང་ཞིང་། ཁོང་གིས་མིའི་རིགས་ནི་ལས་དབང་གཅིག་མཐུན་འདུས་གྲུབ་རེད། ཕན་ཚུན་མཐུན་སྒྲིལ་དང་ཕྱར་བ་གྲུ་འདེགས་བྱས་ན་གཞི་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་ཐུབ། ཀྲུང་དབྱི་རྒྱལ་ཁབ་གཉིས་པོ་དང་དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལག་གདང་སྦྲེལ་ཏེ་འབད་འཐབ་བྱས་ན་དུས་སྐབས་ཀྱི་དཀའ་ངལ་ཁྱད་བསད་ཐུབ་ནས་རིམས་ནད་ལས་མགྱོགས་ནས་མྱུར་དུ་རྣམ་པར་རྒྱལ་རྒྱུ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཁམས་བདེ་ཡོང་རྒྱུ་རེད། འདི་ལོ་ནི་ཀྲུང་དབྱིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བའི་ལོ་ཞིག་ཡིན། ལག་གདང་སྦྲེལ་ནས་རིམས་ནད་ལ་ཁ་གཏད་ཧུར་ཐག་གཅོག་རིང་ཀྲུང་དབྱིའི་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བ་དེ་བས་ཀྱང་སྲ་ཞིང་བརྟན་པོ་ཡོང་རྒྱུ་དང་མཉམ་ལས་ཀྱི་ནང་དོན་དེ་བས་ཀྱང་ཕུན་སུམ་ཚོགས་སུ་འགྲོ་རྒྱུའི་ཐད་ང་ལ་ཡིད་ཆེས་ཡོད་ཅེས་བསྟན་གནང་བ་རེད།

  
style="display:none;"