མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་13ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     རིམས་ནད་ཀྱི་ཤུགས་རྐྱེན་ལ་ཁ་གཏད་བཅག་ནས་ཕྱི་ཕྱོགས་ཚོང་དོན་དང་ཕྱི་དངུལ་བརྟན་པོ་ཡོང་བའི་བྱ་ཐབས་གསར་པ་གཏན་འཁེལ་གནང་བ་དང་། ཐོན་ལས་འཁོར་འབྲེལ་དང་མ་དངུལ་འཁོར་འབྲེལ་སྔར་བས་ཤར་གཏོང་ཐུབ་པ་བྱས་ཏེ་ལྷུ་ཚིགས་ཁག་མཉམ་དུ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་ཐད་བཀོད་སྒྲིག་གནང་བ། ཆེད་དོན་དངུལ་བུན་བསྐྱར་གཏོང་དང་སྔ་འདོན་བསྐྱར་སྤྲོད་སྲིད་ཇུས་ཀྱི་ནུས་པ་སྔར་བས་འདོན་སྤེལ་ཡག་པོ་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མཁོ་སྤྲོད་འགན་ལེན་དང་ཁེ་ལས་དཀའ་སེལ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས་པའི་བླང་བྱ་བཏོན་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་རིམས་ནད་ཀྱི་ཤུགས་རྐྱེན་ལ་ཁ་གཏད་བཅག་ནས་ཕྱི་ཕྱོགས་ཚོང་དོན་དང་ཕྱི་དངུལ་བརྟན་པོ་ཡོང་བའི་བྱ་ཐབས་གསར་པ་གཏན་འཁེལ་གནང་བ་དང་། ཐོན་ལས་འཁོར་འབྲེལ་དང་མ་དངུལ་འཁོར་འབྲེལ་སྔར་བས་ཤར་གཏོང་ཐུབ་པ་བྱས་ཏེ་ལྷུ་ཚིགས་ཁག་མཉམ་དུ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་ཐད་བཀོད་སྒྲིག་གནང་བ། ཆེད་དོན་དངུལ་བུན་བསྐྱར་གཏོང་དང་སྔ་འདོན་བསྐྱར་སྤྲོད་སྲིད་ཇུས་ཀྱི་ནུས་པ་སྔར་བས་འདོན་སྤེལ་ཡག་པོ་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མཁོ་སྤྲོད་འགན་ལེན་དང་ཁེ་ལས་དཀའ་སེལ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
     ཚོགས་འདུའི་ཐོག་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཁུལ་དབྱེ་རིམ་དབྱེའི་སྒོ་ནས་གནད་སྨིན་སྔོན་འགོག་ཚོད་འཛིན་བྱེད་པ་དང་སྦྲགས། ཐོན་ལས་འཁོར་འབྲེལ་ཧྲིལ་པོ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་གང་མགྱོགས་ཐུབ་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས་པ་སྟེ། གཅིག་ནས་རིམས་ནད་ཀྱི་དུས་བབ་གཞིར་བཟུང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་སྔོན་འགོག་ཚོད་འཛིན་གྱི་ཕྱོགས་སྟོན་འཐུས་སྒོ་ཚང་དུ་བཏང་སྟེ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་གཏོང་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཀའི་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་། སྡེ་ཚན་སྒྲོལ་བའི་ལས་དོན་ཆེད་སྒྲུབ་ཚོགས་ཆུང་འཛུགས་པ། སྤྱི་འདོམས་མཛུབ་ཁྲིད་དང་མཐུན་སྦྱོར་ཞབས་འདེགས་ཞུ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་འགག་གནད་སེལ་དགོས། སྣེ་འདྲེན་ཁེ་ལས་ཀྱིས་ལྷན་སྦྱར་ཁེ་ལས་ལ་སྐུལ་ཁྲིད་བྱས་ཏེ་མཉམ་དུ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་འགུལ་ནུས་ཆེ་རུ་གཏོང་དགོས། གཉིས་ནས་རྒྱལ་སྤྱིའི་མཐུན་སྦྱོར་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ་རྒྱལ་སྤྱིའི་དངོས་ཟོག་དབོར་འདྲེན་དུས་གཏན་གནམ་གྲུ་མང་དུ་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད། རྒྱལ་སྤྱིའི་མཁོ་སྤྲོད་འབྲེལ་ཐག་ཤར་བགྲོད་ཐུབ་རྒྱུ་སྲུང་སྐྱོང་བྱེད་དགོས། གསུམ་ནས་དངུལ་རྩའི་སྒྲིག་གཞིས་རང་འགུལ་ངང་ཐོན་ལས་འཁོར་འབྲེལ་གྱི་ལྟེ་བའི་ཁེ་ལས་དང་འབྲེལ་མཐུད་བྱེད་རྒྱུའི་ཁྲིད་སྟོན་བྱས་ཏེ་རྒྱུན་འཁོར་མ་དངུལ་བུན་གཏོང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཡིད་རྟོན་བྱེད་ཚད་མཐོ་རུ་འོས་འཚམ་གཏོང་དགོས། ལྟེ་བའི་ཁེ་ལས་ཀྱིས་ཡིད་རྟོན་དངུལ་བུན་དང་བུན་འཛིན་སོགས་ཀྱི་བྱ་ཐབས་བརྒྱུད་མ་དངུལ་བསྡུ་སྒྲིལ་བྱས་རྗེས། དངུལ་སྔ་འདོན་བྱེད་པའི་རྣམ་པའི་ཐོག་ནས་གོང་འོག་ཁེ་ལས་ལ་དངུལ་སྨར་སྤྲད་དེ་གོང་འོག་ཁེ་ལས་ཀྱི་དངུལ་སྨར་འཁོར་རྒྱུག་གི་གནོན་ཤུགས་དང་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་དམའ་རུ་གཏོང་དགོས། ཁེ་ལས་ཀྱིས་བསྡུ་དགོས་པའི་དངུལ་དང་། མཛོད་ཐོ། བསགས་དངོས་རྒྱུ་འཛིན་གཏའ་འཇོག་སོགས་ཀྱི་རྣམ་པའི་ཐོག་ནས་མ་དངུལ་བསྡུ་སྒྲིལ་བྱེད་རྒྱུར་རྒྱབ་སྐྱོར་བྱེད་དགོས། དངུལ་ཁང་གིས་ཡིད་རྟོན་ཡག་པའི་ཁེ་ལས་ལ་སྤྲོད་འགན་འཁུར་བའི་དངུལ་འགྲུལ་འཛིན་ཤོག་འགན་ལེན་མ་དངུལ་གྱི་བསྡུར་གྲངས་ཉུང་དུ་འོས་འཚམ་གཏོང་དགོས་ཞེས་བསྟན་པ་རེད།
     ཚོགས་འདུའི་ཐོག་ཉེ་དུས་འབྲེལ་ཡོད་སྡེ་ཚན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བླང་བྱ་གཞིར་བཟུང་། དངུལ་རྩའི་སྒྲིག་གཞིས་སྒོར་དུང་ཕྱུར་3000ཡི་ཆེད་དོན་དངུལ་བུན་བསྐྱར་གཏོང་དང་། སྒོར་དུང་ཕྱུར་5000ཡི་དངུལ་བུན་བསྐྱར་གཏོང་དང་སྔ་འདོན་བསྐྱར་སྤྲོད་ཀྱི་སྲིད་ཇུས་ལག་ལེན་བསྟར་རྒྱུར་ཁྲིད་སྟོན་བྱས་ཏེ། གཟིགས་སྐྱོང་སྐྱེད་ཚད་ཀྱི་མ་དངུལ་ལ་བརྟེན་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་མཁོ་སྤྲོད་འགན་ལེན་དང་། ཞིང་ལས་དང་ཁེ་ལས་དང་ལྷག་དོན་དུ་ཕྲན་ཚེགས་ཁེ་ལས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཐུབ་རྒྱུར་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད་ཅེས་བསྟན་པ་རེད།
     ཚོགས་འདུའི་ཐོག་ཉེ་དུས་བཏོན་པའི་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱས་ནས་རིམས་ནད་ཀྱི་ཤུགས་རྐྱེན་ཆུང་དུ་ཧུར་ཐག་གཏོང་བ་དང་འབྲེལ། སྒྱུར་བཅོས་གཏིང་ཟབ་དང་སྒོ་དབྱེ་ཆེར་གཏོང་གི་བྱ་ཐབས་དུས་ཚོད་དམ་འཛིན་གྱིས་ཞིབ་འཇུག་བྱེད་པ་དང་། ཁྲོམ་རའི་གསོན་ཤུགས་དེ་བས་ནུས་ལྡན་གྱི་སྒོ་ནས་འཕེལ་བར་བྱས་ཏེ་ནང་མཁོ་རྒྱ་ཆེར་གཏོང་བ་དང་སྒུལ་ཤུགས་འཕེལ་བར་བྱེད་དགོས། “གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་དང“དྲ་སྦྲེལ+”ཡི་གཉིས་གཏོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བརྒྱུད། ལས་གཏོད་ལས་ཞུགས་དང་ལས་ཞུགས་སྟབས་བསྟུན་ཡོང་ཆེད་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱས་ནས་ལས་ཞུགས་ཀྱི་སྤྱི་ཡོངས་བརྟན་པོ་ཡོང་བ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

  
style="display:none;"