མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཁ་རེ་ཤེ་ཡའི་གསར་དུ་བསྐོ་གཞག་བྱས་པའི་ཙུང་ཐུང་སྨི་ལ་ནོའུ་ཝེ་ཆིར་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་20ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུའོ་ལན·སྨི་ལ་ནོའུ་ཝེ་ཆིར་རྟེན་འཕྲིན་གློག་འཕྲིན་བཏང་གནང་སྟེ་ཁོང་ཁ་རེ་ཤེ་ཡའི་ཙུང་ཐུང་དུ་བསྐོ་གཞག་བྱས་པར་རྟེན་འབྲེལ་ཞུས་པ་རེད།
     ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་ཀྲུང་ཁ་རྒྱལ་ཁབ་གཉིས་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བརྟན་པོ་ཡོད་པ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་ཅིང་། ཀྲུང་གོ—ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་སྒྲོམ་གཞིའི་ནང་མཉམ་ལས་ཡག་པོ་བྱས་ཡོད། ཁ་རེ་ཤེ་ཡ་ནི་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་ནང་གི་ཀྲུང་གོའི་གྲོགས་པོ་བཟང་པོ་ཞིག་ཡིན་ལ། ད་ལྟ་ཡོ་རོབ་མནའ་འབྲེལ་གྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་རེས་སྐོར་འགན་ཡང་འཁུར་བཞིན་ཡོད། ངས་ཀྲུང་ཁའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཙུང་ཐུང་སྨི་ལ་ནོའུ་ཝེ་ཆི་དང་མཉམ་དུ་འབད་བརྩོན་བྱས་ནས་ཕྱོགས་གཉིས་ཀྱི་མཛའ་གྲོགས་དང་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་ཀྲུང་གོ—ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་དང་ཀྲུང་གོ་དང་ཡོ་རོབ་འབྲེལ་བའི་འཕེལ་རྒྱས་ཐད་ལེགས་སྐྱེས་གསར་པ་འབུལ་འདོད་ཡོད་ཅེས་བསྟན་གནང་བ་རེད།

  
style="display:none;"